Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

11 May 2020

8 Yang Dolma 8央卓玛 བརྒྱད་དབྱངས་སྒྲོལ་མ། 2020

藏族年轻歌手8央卓玛新歌 
''我亲爱的妹妹'' 2020
གཅུང་མོ་ལྷ་སྲས། My Beloved Sister
ཚིག་དང་གདངས། སོག་ཤོད་དར་རྒྱས།
གཞས་མ། བརྒྱད་དབྱངས་སྒྲོལ་མ། 
8 Yang Dolma

གཅུང་མོ་ལྷ་སྲས།
ཚིག་དང་གདངས། སོག་ཤོད་དར་རྒྱས།
གཞས་མ། བརྒྱད་དབྱངས་སྒྲོལ་མ།

བརྩེ་བའི་གཅུང་མོ་ལྷ་སྲས་ལགས། ང་ཡི་སྙིང་གི་ནོར་བུ་ཡིན།།
ཨ་མ་བཟང་པོའི་ཞལ་ལ་ཉོན། བོད་སྐད་བོད་ཡིག་མ་བརྗེད་ཨང་།
ཕྱི་ཡི་མི་རིགས་མང་ས་ལ། རང་གི་གཤིས་ཀར་གཟབ་གཟབ་གྱིས།
ཡ་རབས་སྤྱོད་བཟང་བོད་ཀྱི་གཤིས། གང་དུ་སོང་ཡང་མ་དོར་ཨང་།
ང་ཡི་བརྩེ་བའི་གཅུང་མོ། ང་ཡི་སྙིང་གི་ནོར་བུ།
ཤེས་འཇོན་ལྡན་པའི་མཛངས་མ་ཞིག། ཆགས་ན་བསམ་པའི་རེ་བ་ཡོད།
ཨ་ཧཧཧཧ་་་་
ཤེས་འཇོན་ལྡན་པའི་མཛངས་མ་ཞིག། ཆགས་ན་བསམ་པའི་རེ་བ་ཡོད།

གཞན་ཡུལ་གནས་སྐབས་སྐྱིད་ནའང་། རང་ཡུལ་མིན་པར་གྱིས།
དགོས་པའི་སློབ་སྦྱོང་ཧུར་ཐག་གིས། མ་འོངས་མི་ཚེའི་མདུན་ལམ་འཚོལ།
ཕ་མ་སྤུན་མཆེད་ནང་མི་ལ། མཛའ་བརྩེའི་འབྲེལ་བ་ཆད་མ་འཇུག།
རང་མགོ་ཐོན་པའི་དུས་སུའང་། ནང་མི་སྤུན་མཆེད་གལ་ཆེན་རེད།

No comments: