Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

27 Apr 2020

Delek Norbu 2020 - Felt making song

Delek Norbu 2020 - Felt making song
擀毡歌 - 德勒闹吾 2020
ཕྱིང་པ་འཇོག་གླུ།
ཚིག །ཉི་མ་ཚེ་རིང༏ གོང་པ་བདེ་ལེགས་ནོར་བུ།
གདངས། དམངས་ཁྲོད་དང་བདེ་ལེགས་ནོར་བུ།
ལེན་མཁན། གོང་པ་བདེ་ལེགས་ནོར་བུ།





ཕྱིང་པ་འཇོག་གླུ།
ཚིག །ཉི་མ་ཚེ་རིང་། གོང་པ་བདེ་ལེགས་ནོར་བུ།
གདངས། དམངས་ཁྲོད་དང་བདེ་ལེགས་ནོར་བུ།
ལེན་མཁན། གོང་པ་བདེ་ལེགས་ནོར་བུ།



ཨ་ལྷིང་ལྷིང་། ཐེ་ལྷིང་ལྷིང་། བྲེ་སེར་འབྲོང་གི་ཐོད་ཀོ། ཨ་ལྷིང་ལྷིང་། ཐེ་ལྷིང་ལྷིང་།

ལྷོ་འཛམ་བུ་གླིང་གི་ཡུལ་གྲུ་ལ། ལྷ་ལུག་གཉན་ལུག་ཀླུ་ལུག་གསུམ། ལྷ་གང་བ་བཟང་པོའི་དངོས་གྲུབ་ཡིན། གླིང་གེ་སར་རྒྱལ་པོས་རྫོང་དུ་ཕབ། བོད་ཁ་བ་ཅན་གྱི་གཡང་རྟེན་ཡིན། ལོ་གཅིག་ལུག་ལ་ལུ་གུ་དང་། ལོ་གཉིས་ལག་ག་ལག་མོ་ཟེར། ལོ་གསུམ་ཐོང་ངེ་ཚེར་མོ་ཟེར། ཕོ་ཤབ་མ་མོ་ལུག་ཐུག་སོགས། ལུག་ཁྱུ་ཞིག་ལ་འཛོམས་ནས་ཡོད། ལུག་ལྷས་ཤིག་ལ་འཁོར་ནས་ཡོད། ལུག་བལ་ཡོང་སའི་འབྱུང་ཁུངས་ཡིན། ལྷིངས་སེ་ལྷིང༏ ལྷིངས་སེ་ལྷིང་།

ལུག་ཐོང་པ་ཞིག་ལ་པ་དགུ་ཡོད། ལུག་གཡང་མོ་ལུག་ལ་ལུག་དགུ་ཡོད། བལ་ཁ་ཆུ་དཀར་པོ་ལྟོ་ནས་ལུག །མིང་བོས་ན་ལྟོ་འཕྱང་གཡང་དཀར་དང༏ བལ་ལྡན་དང་ནི་གཡང་མོ་ཟེར། མིང་དོན་མཚུངས་པ་གཡང་དཀར་ལུག །གཡང་ར་བ་སྒོ་བཞིའི་གཡང་དཀར་ཡིན། འབྲོག་ཡུལ་སྡེ་རྒྱན་པའི་ནོར་བུ་ཡིན།

ཨ་ལྷིང་ལྷིང་། ཐེ་ལྷིང་ལྷིང་། བྲེ་སེར་འབྲོང་གི་ཐོད་ཀོ་འདྲ་ཞིག་ལྷིངས་སེ་ལྷིང་། དམར་ཡག་སྟག་གི་རྒྱབ་ཀོ་འདྲ་ཞིག་ལྷིངས་སེ་ལྷིང༏ ཁྱི་སྤུ་ནི་མིན། ར་སྤུ་ནི་མིན། གཡང་དཀར་ལུག་གི་སོག་སྤུ་ཡིན། ཨ་ལྷིང་ལྷིང་། ཐེ་ལྷིང་ལྷིང་། ཨ་ལྷིང་ལྷིང་། ཐེ་ལྷིང་ལྷིང་། བྲེ་སེར་འབྲོང་གི་ཐོད་ཀོ། ཁྱི་སྤུ་ནི་མིན། ར་སྤུ་ནི་མིན། གཡང་དཀར་ལུག་གི་སོག་སྤུ་ཡིན། ཨ་ལྷིང་ལྷིང་།

འོ། ལུག་གཡང་དཀར་བལ་ཁ་འཇམ་པོ་ཡིན། སྤུ་ཡོད་ནང་གི་དྭངས་རྩེ་ཡིན། རྒྱུ་ཡོད་ནང་གི་ཐོག་མ་ཡིན། རྒྱ་གར་ཐེར་མ་བལ་ལ་ལས། རྒྱ་ནག་གོས་བཟང་བལ་ལ་སླས། བོད་པའི་སྣམ་ཕྲུག་བལ་ལ་བཏགས། ཕྱི་གླིང་ཞྭ་མོ་བལ་ལ་བཟོས། གོས་ཡག་ཚང་མ་བལ་ལ་ལས། ལུས་མཛེས་མཛེས་གོས་དེ་བལ་གོས་ཡིན། དྲོད་ལུས་ལ་ཕན་པ་བལ་གྱི་གོས། ལུས་བདེ་ཐང་བལ་གོས་གོན་ལས་འབྱུང༏ ཁ་བ་ཅན་ལ་ཁ་བཏགས་དར། ཁ་བཏགས་ཐོག་མ་ལུག་བལ་ཡིན། བལ་དཀར་པོའི་རྒྱུད་ནས་བཀྲ་ཤིས་བརྗོད། ཁོག་ལྷག་བསམ་དཀར་པོའི་མཚོན་དོན་བྱས། སེམས་བསམ་པ་དཀར་བ་དེ་དོན་རེད།

སྤུ་འཇམ་གསེད་བལ་ཕྱ་རའི་གདན་ལ་འཇོག །ཆུ་གཏོར་སྤུ་གཟེང་འཆག་འཆག་ལྷིངས་སེ་ལྷིང་། ཕྱ་གདན་སྒྲིལ་སྒྲིལ་ལན་མང་ལྷིངས་སེ་ལྷིང༏ ཕྱིང་འཇོག་སྟག་ཤར་དཔུང་གདོང་ལྷིངས་སེ་ལྷིང༏ ཕྱིང་འཇོག་སྨན་ཆུང་འཛུམ་དཀར་ལྷིངས་སེ་ལྷིང་། ཕྱིང་ལྡན་འབྲོག་པའི་ཕྱིང་པ་ལྷིངས་སེ་ལྷིང། ཨ་ལྷིང་ལྷིང་། ཐེ་ལྷིང་ལྷིང་།

No comments: