Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

20 Mar 2020

心结 梅朵尕姆最新单曲 2020

藏族歌手梅朵尕姆最新单曲 << 心结 >> 2020
མེ་ཏོག་དཀར་མོའི་རྐྱང་གཞས་གསར་བ།  '' སེམས་ཀྱི་སྡུག  '' 



སྙིང་མཐུན་སྙིང་གི་ནད་རེད། སེམས་མཐུན་སེམས་ཀྱི་སྡུག་རེད།
ཉིན་མཚན་དབྱེ་བ་མེད་པར་། གདུང་བའི་ཁུར་གྱིས་མནན་ཡོད།
དང་པོ་མེ་ཏོག་བཞད་ཁ། སེམས་ཀྱི་མཐིལ་ནས་བཞད་པས།
གཤོག་པ་རྡེབ་ཀྱིན་ཀྱིན། ཟེའུ་འབྲུའི་སྟེང་ལ་འཁོར་ཡོད། 
ཨོ་་་་་་་་་ སྙིང་གི་ནད་རེད།  ཨོ་་་་་་་་་་ སེམས་ཀྱི་སྡུག་རེད། 

བར་དུ་སྐྱི་བསེར་རླུང་བུ་ཤ་ཡི་གསེང་ལ་གཡུག་པས། ལུས་པོ་འདར་གྱིན་འདར་གྱིན།
བར་དུ་སྐྱི་བསེར་རླུང་བུ་ཤ་ཡི་གསེང་ལ་གཡུག་པས། མལ་ཐུལ་ནང་ལ་འཛུལ་ཡོད། 

སྙིང་མཐུན་སྙིང་གི་ནད་རེད།། སེམས་མཐུན་སེམས་ཀྱི་སྡུག་རེད།།
ཉིན་མཚན་དབྱེ་བ་མེད་པར་ གདུང་བའི་ཁུར་གྱིས་མནན་ཡོད།
དང་པོ་མེ་ཏོག་བཞད་ཁ། སེམས་ཀྱི་མཐིལ་ནས་བཞད་པས།
གཤོག་པ་རྡེབ་ཀྱིན་ཀྱིན། ཟེའུ་འབྲུའི་སྟེང་ལ་འཁོར་ཡོད། 
ཨོ་་་་་་་་་ སྙིང་གི་ནད་རེད། ཨོ་་་་་་་་་་ སེམས་ཀྱི་སྡུག་རེད།

མཐའ་མར་དབྱར་གྱི་གནམ་ངོ་ཉི་མའི་དཀར་ལ་འགྱུར་བས། སེམས་པ་འཚབ་ཀྱིན་འཚབ་ཀྱིན།
མཐའ་མར་དབྱར་གྱི་གནམ་ངོ་ཉི་མའི་དཀར་ལ་འགྱུར་བས། དགུང་སྔོན་གནམ་ལ་ཅེར་ཡོད།

No comments: