འགྲོ་མགོན་ཆོས་འཕགས་རིགས་ལྡན་རྒྱལ་བའི་སྲས།
ཚིག ཡོན་ཏན་རིན་ཆེན། དབྱངས། ཤེར་བསྟན།
ལེན་མཁན། ཤེར་བསྟན།
མདོ་སྨད་ལྷོ་རྒྱུད་དཔལ་ལྡན་འཛམ་ཐང་ན།
རིགས་ལྡན་སྤྲུལ་སྐུ་ཡོན་ཏན་བཟང་པོ་ཡི།
དབུ་མ་གདོང་ལྔའི་ང་རོ་འཆད་པའི་ཚེ།
འགྲོ་མགོན་ཁྱེད་ཉིད་ཞལ་ཟིན་སློབ་བུ་ཞིག
སྒྲུབ་བརྒྱུད་གཟིམས་ཁང་བདེ་ལྡན་ཕོ་བྲང་དུ།
ཇོ་ནང་སྐྱབས་མགོན་འཇིགས་མེད་རྡོ་རྗེ་ཡི།
སྨིན་བྱེད་གདམས་པའི་མདུད་རྒྱ་གྲོལ་དུས་འདིར།
འགྲོ་མགོན་ཁྱེན་ནི་ཐུགས་ཀྱི་སྲས་མཆོག་ཞིག
ཇོ་ནང་སྐྱབས་མགོན་འཇིགས་མེད་རྡོ་རྗེ་ཡི།
སྨིན་བྱེད་གདམས་པའི་མདུད་རྒྱ་གྲོལ་དུས་འདིར།
འགྲོ་མགོན་ཁྱེན་ནི་ཐུགས་ཀྱི་སྲས་མཆོག་ཞིག
ཡོན་ཏན་དཔངས་དེ་རྡུལ་བཞིན་བརྩེག་གྱུར་ན།
ས་ཆེན་འདིས་ཀྱང་འདེགས་པར་མི་གྱུར་བས།
རིགས་ལྡན་སྐྱེ་ཕྲེང་ལྡན་པའི་སྤྲུལ་པའི་སྐུ།
འགྲོ་མགོན་ཆོས་འཕགས་རིགས་ལྡན་རྒྱལ་བའི་སྲས།
ས་ཆེན་འདིས་ཀྱང་འདེགས་པར་མི་གྱུར་བས།
རིགས་ལྡན་སྐྱེ་ཕྲེང་ལྡན་པའི་སྤྲུལ་པའི་སྐུ།
འགྲོ་མགོན་ཆོས་འཕགས་རིགས་ལྡན་རྒྱལ་བའི་སྲས།
བསགས་པའི་ཚོགས་ལ་སྣོད་ཅིག་མཆིས་གྱུར་ན།
སྟོང་གསུམ་སྣོད་དུ་བྱས་ཀྱང་ཆུང་གྱུར་བའི།
དཔག་མེད་ཚོགས་གཉིས་བསགས་པའི་སྤྲུལ་བའི་སྐུ།
འགྲོ་མགོན་ཆོས་འཕགས་རིགས་ལྡན་རྒྱལ་བའི་སྲས།
སྟོང་གསུམ་སྣོད་དུ་བྱས་ཀྱང་ཆུང་གྱུར་བའི།
དཔག་མེད་ཚོགས་གཉིས་བསགས་པའི་སྤྲུལ་བའི་སྐུ།
འགྲོ་མགོན་ཆོས་འཕགས་རིགས་ལྡན་རྒྱལ་བའི་སྲས།
རྟོགས་པའི་ཆོས་དེ་ལྗགས་ཀྱིས་དགྲོལ་གྱུར་ན།
ལྷ་ཆེན་ཚངས་པའི་ལྗགས་ཀྱང་ངལ་གྱུར་བའི།
སྦྱོར་དྲུག་རྟོགས་པ་ཐོབ་པའི་སློབ་དཔོན་གང་།
འགྲོ་མགོན་ཆོས་འཕགས་རིགས་ལྡན་རྒྱལ་བའི་སྲས།
ལྷ་ཆེན་ཚངས་པའི་ལྗགས་ཀྱང་ངལ་གྱུར་བའི།
སྦྱོར་དྲུག་རྟོགས་པ་ཐོབ་པའི་སློབ་དཔོན་གང་།
འགྲོ་མགོན་ཆོས་འཕགས་རིགས་ལྡན་རྒྱལ་བའི་སྲས།
No comments:
Post a Comment