གླུ་ཨ་ལ།
ཚིག དམངས་ཁྲོད།
དབྱངས། ཤེར་བསྟན།
ལེན་མཁན། ཤེར་བསྟན།
ང་བུ་ཆུང་གངས་རིའི་འདབས་ནས་ཡོང་། གངས་དེ་ཚོ་རྨ་རྒྱལ་སྤོམ་ར་ཡིན།
གངས་དེ་ནི་ང་ཡི་བླ་རི་ཡིན། གླུ་ཨ་ལ་ལ་མོ་ཨ་ལ་ལེན།
གངས་དེ་ནི་ང་ཡི་བླ་རི་ཡིན། གླུ་ཨ་ལ་ལ་མོ་ཨ་ལ་ལེན།
ང་བུ་ཆུང་གཙང་པོའི་འགྲམ་ནས་ཡོང་། ཆུ་གཙང་པོ་རྨ་ཆུ་ལི་མ་ཡིན།
རྨ་ལི་མ་ང་ཡི་མཆོད་ཆུ་ཡིན། གླུ་ཨ་ལ་ལ་མོ་ཨ་ལ་ལེན།
རྨ་ལི་མ་ང་ཡི་མཆོད་ཆུ་ཡིན། གླུ་ཨ་ལ་ལ་མོ་ཨ་ལ་ལེན།
ཨ་ལ་ལ་མོ་ལེན། ཐ་ལ་ལ་མོ་ལེན། ཨ་ལ་ལ་མོ། ཐ་ལ་ལ་མོ་ལེན།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།
ང་བུ་ཆུང་བྱང་ཕྱོགས་འབྲོག་ནས་ཡོང་། འབྲོག་སྤང་ལྗོངས་ང་ཡི་ཕ་ས་ཡིན།
རྟ་ནོར་ལུག་གཡང་གི་སྒོ་ཟོག་ཡིན། གླུ་ཐ་ལ་ལ་མོ་ཐ་ལ་ལེན།
རྟ་ནོར་ལུག་གཡང་གི་སྒོ་ཟོག་ཡིན། གླུ་ཐ་ལ་ལ་མོ་ཐ་ལ་ལེན།
ང་བུ་ཆུང་སྦྲ་ནག་ཁྱིམ་ནས་ཡོང་། ཁ་ཟས་མཆོག་སྦྲང་དཀར་རྩམ་པ་ཡིན།
དྲིན་མ་ལོའི་ལག་ཟས་དྲོན་མོ་ཡིན། གླུ་ཐ་ལ་ཐ་ལ་ཐ་ལ་ལེན།
དྲིན་མ་ལོའི་ལག་ཟས་དྲོན་མོ་ཡིན། གླུ་ཐ་ལ་ཐ་ལ་ཐ་ལ་ལེན།
ཨ་ལ་ལ་མོ་ལེན། ཐ་ལ་ལ་མོ་ལེན། ཨ་ལ་ལ་མོ། ཐ་ལ་ལ་མོ་ལེན།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།
ང་བུ་ཆུང་སྲིད་པ་བོད་ནས་ཡོང་། བོད་སྲིད་པའི་ལྷ་ཆོས་སངས་རྒྱས་ཡིན།
ཆོས་སངས་རྒྱས་ནང་པའི་ཞི་བདེ་ཡིན། གླུ་ཨ་ལ་ཐ་ལ་ལ་མོ་ཡིན།
ཆོས་སངས་རྒྱས་ནང་པའི་ཞི་བདེ་ཡིན། གླུ་ཨ་ལ་ཐ་ལ་ལ་མོ་ཡིན།
ང་བུ་ཆུང་སྒང་བ་བོད་ནས་ཡོང་། བོད་མི་ཆོས་དམ་པའི་སྲོལ་བཟང་ཡིན།
སྲོལ་གཙང་མ་གསེར་ནག་ཐིགས་ལེ་ཡིན། གླུ་ཨ་ལ་ཐ་ལ་ལ་མ་ལེན།
སྲོལ་གཙང་མ་གསེར་ནག་ཐིགས་ལེ་ཡིན། གླུ་ཨ་ལ་ཐ་ལ་ལ་མ་ལེན།
ཨ་ལ་ལ་མོ་ལེན། ཐ་ལ་ལ་མོ་ལེན། ཨ་ལ་ལ་མོ། ཐ་ལ་ལ་མོ་ལེན།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།
No comments:
Post a Comment