Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

24 Dec 2019

ANU 新歌《 输过 没哭过 》2019

ANU Ranglug's new song '' Never give up ''
ANU 新歌《输过 没哭过》2019
ཨ་ནུ་རིང་ལུགས། ཕམ་མྱོང་། ངུ་མ་མྱོང་། 

 




ཕམ་མྱོང་། ངུ་མ་མྱོང་།    
               ཚིག ཨ་ནུ་རིང་ལུགས།
               དབྱངས། ཨ་ནུ་རིང་ལུགས། ཏན་ཏན།
             གཞས་པ། ཨ་ནུ་རིང་ལུགས།    

  
བྱིས་པ་ཞིག། མཐོ་སྒང་ལ་སྐྱིས། མཐོ་སྒང་ནས་ཆེ།
ཁ་བ་དང་བུ་ཡུག་ཅི་འདྲའི་ཆེ་ན་ཡང་།
སྟོབས་ཤུགས་དང་སྙིང་རུས་ཀྱིས་བཙག་པའི།
ཨ་ཕའི་སྔགས་འབོད་ཀྱི་གདམས་ངག་དེ།
ཕམ་མྱོང་། ངུ་མ་མྱུང་།
ཕམ་མྱོང་། ངུ་མ་མྱུང་ཟེར་ནས་ནམ་ཡང་ང་ཡི་རྣ་ལ་བཤད།
ཕམ་མྱོང་། ངུ་མ་མྱུང་ཟེར་ནས་ང་ཡི་སེམས་ཀྱི་ནང་ལ་བཞག།
ཕམ་མྱོང་དེ་ངུ་མ་མྱུང་ཟེར་ནས་ལོ་ཟླ་བའི་དཀའ་བ་སྤྱད་ཏེ།

ཨོ་་་་་་ཕམ་མྱོང་། ངུ་མ་མྱུང་ཟེར།
ངུ་མ་མྱུང་།

རུས་ལ་རྐོས་པའི་རྨི་ལམ་དེ་ཚེ་སྲོག།
ཕྲག་གིས་ལྡིང་བའི་འཕར་རྩ་དེ་སྟུབས་ཤུགས།
ཕམ་མྱོང་དེ་ངུ་མ་མྱུང་ཟེར་ནས་ཡར་ལངས་སྟེ། ཡང་སྐྱར་ལ་འགྲོ་ཡ།
ཡིད་ལ་ཡོད་པའི་དད་པ་དེ་སྲུང་ཡ།
སེམས་ལ་ཡོད་པའི་རྨི་ལམ་དེ་བཙོན་ཡ།
ཕམ་མྱོང་དེ་ངུ་མ་མྱུང་ཟེར་ནས་མགོ་བོ་ཡར་ལ་ཆོག་ཡ། མགོ་བོ་ཡར་ལ་ཆོག་ཡ།

ཨོ་་་ཕམ་མྱོང་ཟེར། ངུ་མ་མྱུང་ཟེར། ཨོ་་་ཕམ་མྱོང་ཟེར། ངུ་མ་མྱུང་ཟེར།

བུ་ཆུང་ཞིག། འོ་གཞས་ཆུང་གཅིག། ལམ་ཆུང་ཞིག།
འཚོ་བ་དང་རྨི་ལམ་ཁ་ཐག་རིང་ན་ཡང་།
ཡིད་ཆེས་དང་དད་པ་ཡིས་སྐྱབས་པའི།
ཨ་ཕའི་ཉམས་ཉེས་དང་རེ་བ་རེས།
ཕམ་མྱོང་། ངུ་མ་མྱུང་།

དཔའ་ངར་གྱི་མེ་ལྕེས་ཞུན་པའི་སྟོབས་ཤུགས་དེ་ཡིས་ཆར་རླུང་གོད་ཆག་ཁྲོད་ནས།
ཞུམ་མེད་ཀྱི་གསར་གཏོད་པ་ཡི་སྙིང་གི་སྤོབས་པ་ཁྱེར་ནས་མདུན་ལ་འགྲོ་ཡ།
ཞུམ་མེད་ཀྱི་གསར་གཏོད་པ་ཡི་སྙིང་གི་སྤོབས་པ་ཁྱེར་ནས་མདུན་ལ་འགྲོ་ཡ།
འཇིགས་མེད་ཀྱི་ཨ་ཕའི་ཉམས་ཉེ་སྙིང་གི་དབུས་ལ་བཞག་ནས་མདུན་ལ་འགྲོ་ཡ།
འཚོ་བ་དང་རྨི་ལམ་བར་གྱི་ཁ་ཐག་རིང་ཡང་སེམས་ཀྱི་དད་པས་སྐྱབས་ཏེ།
ཕ་ལོ་ཡི་གདམས་ངག་དེ་དང་རེ་བ་རེ་རེས་བསྩལ་བའི་སྙིངས་རུས་སྐྱེས་ནས།
ཕམ་མྱོང་དེ་ངུ་མ་མྱུང་ཟེར་ནས་མགོ་བོ་ཡར་ལ་ཆོག་ཡ། མགོ་བོ་ཡར་ལ་ཆོག་ཡ།

ཨོ་་་ཕམ་མྱོང་ཟེར། ངུ་མ་མྱུང་ཟེར། ཨོ་་་ཕམ་མྱོང་ཟེར། ངུ་མ་མྱུང་ཟེར།
ཨོ་་་ཕམ་མྱོང་ཟེར། ངུ་མ་མྱུང་ཟེར། ཨོ་་་ཕམ་མྱོང་ཟེར། ངུ་མ་མྱུང་ཟེར།
ཨོ་་་ཕམ་མྱོང་ཟེར།
ཨོ་་་ཕམ་མྱོང་ཟེར། ངུ་མ་མྱུང་ཟེར།

1 comment:

WORLD NEWS said...

clipping path Era a photo editing service provider. that specializes in editing images of e-commerce products eBay Amazon product images editing .fashion furniture and more the services they provide are photo editing clipping path. Deep editing photo retouching multiple clipping paths for changing colors.
Clipping pathThanks For You Sharing.