玛才旦的 2019年 新歌《遇见》
ཞལ་མཇལ། ཚིག་རྩོམ་མཁན། འོད་ཟེར་ལྗང་གུ
དབྱངས་རྩོམ་མཁན། པདྨ་ཚེ་བརྟན། ལེན་མཁན། པདྨ་ཚེ་བརྟན།
Pema Tseten new MV song '' meet '' 2019
Pema Tseten new MV song '' meet '' 2019
ཞལ་མཇལ།
སྤང་སྟོད་ཡུ་མོ་སྨུག་ཆུང་ས་ཕྱོགས་གང་ནས་སླེབས་པ།
རྔོན་པའི་སོ་བའི་ཁ་ནས་འོ་བརྒྱལ་ག་ཙམ་མྱངས་ཡོད།
ཞོགས་པ་བསིལ་ཆུ་འཐུ་བའི་བཟོ་ལྟ་དེ་འདྲ་ཡག་པོ།
ང་ལ་བསླབ་ན་ཨེ་ཆོག་ཏོག་ཙམ་སྒུག་རོགས་གནང་ཞུ།

དགུ་ཚིགས་གདང་ལ་བཏབ་པའི་སྐར་ཚོགས་བྱེ་བ་ཕྲག་བརྒྱ།
སྐར་མའི་ནང་གི་གཙུག་རྒྱན་ཐོ་རེངས་པ་སངས་སྐར་ཆེན།
རི་བོ་གངས་དཀར་ཕྲག་ནས་མཐོན་པོ་གནམ་འཕང་སྟོད་དུས།
ང་ཡི་མཚེའུ་ནང་དུ་ཞལ་མཇལ་ཡོང་བ་མ་བརྗེད།

བདག་ནི་རྒྱང་ནས་འོང་ཏེ་ཁྱེད་ཀྱི་གངས་མཐའ་ཉུལ་ཡོད།
དགའ་སྡུག་འཆར་ཡན་རབ་རིབ་ལམ་བུ་ཀྱག་ཀྱོག་སབ་སུབ།
ང་ཡིས་ཁེར་རྐྱང་དྲུད་དེ་བསམ་འདུན་མེ་ལོང་བོར་ན།
སྤྲིན་ནང་ཞལ་མཇལ་ཡོང་བར་ཟླ་ངོ་ཅི་ཙམ་འགོར་དགོས།

ནགས་གསེབ་རྐང་ལམ་འཁྱོག་པོ་ལམ་སྣེ་གང་ལ་ཟུག་ཡོད།
གཞས་དེའི་གཞས་ཚིག་ནང་དུ་ཁྱེད་ཀྱི་རྩྭ་ཐང་མཐོང་ན།
བདག་ནི་ལྷོ་ནས་འཁྲིགས་པའི་ཆུ་སྤྲིན་སྔོན་མོའི་ཟོལ་གྱིས།
ཁྱེད་ཀྱི་ནམ་མཁར་འཕུར་ཏེ་སྦྲང་ཆར་བསིལ་མ་འབབ་འདོད།

No comments:
Post a Comment