ང་ཡི་ཨ་ཇོ་དོན་འགྲུབ།
ཚིག གཡེ་རུས་རྐང༏ དབྱངས ན་ན ལེན་མཁན། རྟ་མགྲིན་མཚོ།
《我的邓珠阿哥》旦正措 2019
Tibetan singer Tadrin Tso new MV song
'' My Brother Dhondup''
'' My Brother Dhondup''
ང་ཡི་ཨ་ཇོ་དོན་འགྲུབ།
ཚིག་རྩོམ་མཁན། གཡེ་རུས་རྐང་།
དབྱངས་རྩོམ་མཁན། ན་ན།
ལེན་མཁན། རྟ་མགྲིན་མཚོ།
མི་རྟག་འཁོར་བའི་འཇིག་རྟེན་འདི་ནས། ནམ་ཞིག་འཇིག་འགྲོ་བསམ་ན།
མཚན་མོའི་གཉིད་ཐུན་མི་ཁུག་གི། འཇིགས་རུང་སྣང་བའི་ཁམས་འདི་ནས།
དྲན་ན་མིག་མཐའ་ཆུ་རེད། བསམ་ན་ཡ་ཁོག་མེ་རེད།
མཆི་མའི་བཞུར་རྒྱུན་འཁྱག་གི། མེ་ཡི་འབྱུང་བ་རྒོད་ཀི།
ཁྱེད་དང་འགྲོགས་པའི་ལོ་ཟླ་རིན་ཐང་གསེར་རེད།
ཁྱེད་དང་བྲལ་བའི་ཉིན་ཞག་ཤི་བོའི་རོ་རེད།
ང་ཡི་ཨ་ཇོ་དོན་འགྲུབ། ཁྱེད་རང་ནད་མེད་ཚེ་རིང་ཡོང་བར་ཤོག།
སུ་ལ་མཐུན་དགོས་མཐུན་དགོས་བསམ་ན།
མཐུན་མཐུན་ང་ལ་གནོང་དང་། འགྲིག་འགྲིག་ངས་ཀྱང་བྱ་ངེས།
རེ་བའི་འཇིག་རྟེན་འདི་ནས།
བསམ་པའི་བསམ་པ་མཐུད་ཆོགགསེར་དང་དངུལ་གཉིས་སྦྲེལ་ཆོག།
དུངས་བའི་སྙིང་གཏམ་བཤད་ཆོགརེ་བའི་ས་བོན་གདབ་ཆོག།
ཁྱེད་ལ་བཤད་པའི་སྙིང་གཏམ་བདེན་པའི་ཚིག་ཡིན།
ཁྱེད་ལ་བཅངས་བའི་བརྩེ་བ་དམར་པོ་མེ་ཡིན།
ང་ཡི་ཨ་ཇོ་དོན་འགྲུབ། ཁྱེད་རང་ནད་མེད་ཚེ་རིང་ཡོང་བར་ཤོག།
No comments:
Post a Comment