Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

8 Sept 2019

ZERO ཀླད་ཀོར། 零 - Pema Tenzin 白玛旦增

ZERO ཀླད་ཀོར། 零 - Pema Tenzin 2018



ZERO ཀླད་ཀོར། 零 - Pema Tenzin
ཚིག་གདངས་ལེན་མཁན། པདྨ་བསྟན་འཛིན།

དངུལ་མང་པོ། ཁང་པ་ཡག་པོ། མོ་ཏ་རྫིག་པོ། ག་རེ་ཡོད་ནའི།
སེམས་ནང་ལ་ཞེ་སྡང་ཡོད་ན། མི་དེ་ནི་ཀླད་ཀོར་རེད།
དངུལ་མང་པོ། ཁང་པ་ཡག་པོ། མོ་ཏ་རྫིག་པོ། ག་རེ་ཡོད་ནའི།
སྐུ་གཟུགས་དེ་ན་ཚས་ཁེངས་ན། མི་དེ་ནི་ཀླད་ཀོར་རེད།
ཀླད་ཀོར་རེད་ ཀླད་ཀོར་རེད་ ཀླད་ཀོར་ཀླད་རྐྱང་རེད།
སྟོང་པ་རེད། སྟོང་པ་རེད། སྟོང་པ་སྟོང་རྐྱང་རེད།
སྟོང་པ་རེད། ཀླད་ཀོར་རེད་
སྟོང་པ་རེད། ཀླད་ཀོར་རེད་
ཡ་རབས་སྤྱོད་བཟང་མེད་པ་ཡིན་ན། བུ་མི་དེ་ནི་ཀླད་ཀོར་རེད།
ཕོ་གསར་རྫིག་པོ་ ཤེས་བྱ་ཡག་པོ་ འཇོན་ཐང་ཆེན་པོ། ག་ཚོད་ཡོད་ནའི།
ལས་དང་རྒྱུ་འབྲས་ལ་མ་བརྩིས་པ་ཡིན་ན༏ ཕོ་གསར་དེ་ནི་ཀླད་ཀོར་རེད།
ཀླད་ཀོར་རེད་ ཀླད་ཀོར་རེད་ ཀླད་ཀོར་ཀླད་རྐྱང་རེད།
སྟོང་པ་རེད། སྟོང་པ་རེད། སྟོང་པ་སྟོང་རྐྱང་རེད།
སྟོང་པ་རེད། ཀླད་ཀོར་རེད་
དངུལ་མང་པོ། ཁང་པ་ཡག་པོ། མོ་ཏ་རྫིག་པོ། ག་རེ་ཡོད་ནའི།
བཟའ་ཚང་བརྩེ་དུང་མེད་ན་ླཁྱིམ་ཚང་དེ་ཀླད་ཀོར་རེད།
དངུལ་མང་པོ། ཁང་པ་ཡག་པོ། མོ་ཏ་རྫིག་པོ། ག་རེ་ཡོད་ནའི།
ཕ་མའི་བཀའ་དྲིན་མ་མཇལ་ན་བུ་ཕྲུག་དེ་ཀླད་ཀོར་རེད།
ཀླད་ཀོར་རེད་ ཀླད་ཀོར་རེད་ ཀླད་ཀོར་ཀླད་རྐྱང་རེད།
སྟོང་པ་རེད། སྟོང་པ་རེད། སྟོང་པ་སྟོང་རྐྱང་རེད།
སྟོང་པ་རེད། ཀླད་ཀོར་རེད་
དབྱིན་ཇི་སྦྱངས་ནའི་ ལྷོ་ཀོ་རི་ཡ་ལ་དགའ་ནའི་ ཕྱི་རྒྱལ་ལུང་པ་ ག་པར་ཕྱིན་ནའི།
རང་གི་རིག་གནས་རང་གིས་མ་ཤེས་ན་ མི་དེ་ནི་ཀླད་ཀོར་རེད།
དར་བཟོ་བྱས་ནའི་ ལད་ཟློས་བྱས་ནའི་ འཛམ་གླིང་ས་ཕྱོགས་ག་པར་ཕྱིན་ནའི།
རང་གི་བསམ་བློ་རང་ལ་མེད་ན་ མི་དེ་ནི་ཀླད་ཀོར་རེད།
ཀླད་ཀོར་རེད་ ཀླད་ཀོར་རེད་ ཀླད་ཀོར་ཀླད་རྐྱང་རེད།
སྟོང་པ་རེད། སྟོང་པ་རེད། སྟོང་པ་སྟོང་རྐྱང་རེད།
སྟོང་པ་རེད། ཀླད་ཀོར་རེད། སྟོང་པ་རེད། ཀླད་ཀོར་རེད།

No comments: