Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

25 Sept 2019

德格叶 Dukar Yak - Zmala ( 2019 )

德格叶最新歌曲2019 '' Zmala '' ( 2019 )
མཛེས་མ་ལགས།
གྲགས་ཅན་གྱིས་གླུ་བ་གདུང་དཀར་ཡག་གླུ་གཞས་གསར་བ་ཡིན།





མཛེས་མ་ལགས།
ངའི་སེམས་ཁོང་གི་བུ་མོ་སྒྲོལ་མ།
མཛེས་མ་ལགས།
ངའི་སེམས་ཁོང་གི་བུ་མོ་སྒྲོལ་མ།

ཁྱོད་དང་འཕྲད་པའི་ཉི་མ་དང་པོ་ནས་བཟུང་ཏེ།།
ང་ཡི་སེམས་པ་ཁྱོད་ཀྱི་ཕྱོགས་ལ་དབང་མེད་ཤོར།།
ཁྱེད་ཀྱི་མཛེས་སྡུག་གཞན་དང་མི་མཚུངས་ཡིད་སེམས་བཀུག།
འགྲོག་ན་བསམ་བྱུང་ནམ་རྒྱུན་རྨི་ལམ་ལས་ཀྱང་མཇལ།།

སེམས་དང་སེམས་པ་མཐུན་པའི་ཉི་མ་དེ་ནས་བཟུང༏
ཁྱེད་ཀྱི་བརྩེ་བས་ང་ལ་དྲོད་ཁོལ་བྱིན་སོང༏།
ང་ཡིས་ཁྱེད་ལ་མི་ཚེ་འདིའི་ནང་བདེ་སྐྱིད་སྐྲུན་བསམ།།
ཁྱེད་ལ་བཅང་བའི་བརྩེ་བ་ནམ་ཡང་འགྱུར་བ་མེད།།

མཛེས་མ་ལགས། ངའི་སེམས་ཁོང་གི་བུ་མོ་སྒྲོལ་མ།

དགའ་ས་རེད། ང་དགའ་ས་ཁྱེད་རང་གཅིག་པ་ཡིན།

མཛེས་མ་ལགས། ངའི་སེམས་ཁོང་གི་བུ་མོ་སྒྲོལ་མ།
ང་རང་དགའ་ས་ཁྱོད་རེད། སེམས་ཀྱི་གཏད་ས་ཁྱོད་རེད།
ཁྱེད་ལ་བཅང་བའི་བརྩེ་བ། ནམ་ཡང་འགྱུར་བ་མེད།
ང་རང་དགའ་ས་ཁྱོད་རེད། སེམས་ཀྱི་གཏད་ས་ཁྱོད་རེད།
ཁྱེད་ལ་བཅང་བའི་བརྩེ་བ། ནམ་ཡང་འགྱུར་བ་མེད།

སྒྲོལ་མ་ལགས། ངའི་སེམས་ཁོང་གི་བུ་མོ་སྒྲོལ་མ།
སྒྲོལ་མ་ལགས། ངའི་སེམས་ཁོང་གི་བུ་མོ་སྒྲོལ་མ།
ང་རང་དགའ་ས་ཁྱོད་རེད། སེམས་ཀྱི་གཏད་ས་ཁྱོད་རེད། ཁྱེད་ལ་བཅང་བའི་བརྩེ་བ།
ནམ་ཡང་འགྱུར་བ་མེད། ང་རང་དགའ་ས་ཁྱོད་རེད། སེམས་ཀྱི་གཏད་ས་ཁྱོད་རེད།
ཁྱེད་ལ་བཅང་བའི་བརྩེ་བ། ནམ་ཡང་འགྱུར་བ་མེད། ནམ་ཡང་འགྱུར་བ་མེད།

No comments: