Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

20 Sept 2019

德格达拥新歌 《 屋脊人家》 2019

སྡེ་དགེ་ཟླ་གཡང་། འཛམ་གླིང་སྒང་གི་རོང་འབྲོག། 
德格达拥新歌 《 屋脊人家》 2019
Dege Dayang's new single ''Zamlenge Gankyil Rongdrog''




འཛམ་གླིང་སྒང་གི་རོང་འབྲོག།
གཞས་ཚིག རུ་དམ་སྐལ་བཀྲ།
གཞས་དབྱངས། རྫོགས་ཆེན་བསྟན་འཛིན།
སྒྲ་ལེན་པ། བཀྲ་ཤིས་ཚེ་བརྟན།
གཞས་མ། སྡེ་དགེ་ཟླ་གཡང་།


མཚོ་ཆེན་སྤང་ལ་གཟིམས་པའི་མཁལ་ཁུག་ན།
བྱ་བརྒྱ་མགྲིན་དབྱངས་བསྡེབས་ནས། རྩི་ཤིང་འདབ་ལོ་དཀྲོགས་དུས།
དྲོད་ཀྱི་སྐྱིབས་ལ་བཞུགས་པའི། རོང་གི་ཨ་ཕོ་གཡུ་ཡི་རྐང་འཐུང་འདྲ།
ཞིང་ལྗང་ལོའི་ཁ་ལ་གླུ་ཞིག་ལེན། ལོ་སྙེ་མའི་འཁྲིས་ལ་བྲོ་ཞིག་འཁྲབ།
ཡུལ་གངས་ཅན་རོང་གི་རྒྱལ་ཁམས་ཡིན། ཞིང་ལྗང་ལོའི་ཁ་ལ་གླུ་ཞིག་ལེན།
ལོ་སྙེ་མའི་འཁྲིས་ལ་བྲོ་ཞིག་འཁྲབ། ང་རྒྱལ་ཁམས་དཀྱིལ་གྱི་དཔའ་རྟུལ་ཡིན།


གངས་རི་མཁའ་ལ་བཞེངས་པའི་འདབས་རོལ་ན།
ཆར་ཟིམ་འཕུར་སྡོང་བསྒྲིགས་ནས། འཇའ་སྣེ་སྤང་ལ་བཙུགས་དུས།
བསིལ་བའི་ཀློང་ན་བཞུགས་པའི། འབྲོག་གི་ཨ་ཅེ་བྱི་རུའི་མེ་ཏོག་འདྲ།
གཡང་དཀར་ནག་རྗེས་ལ་གླུ་ཞིག་ལེན། སྦྲ་སྨུག་པོའི་རྩིབ་ལ་བྲོ་ཞིག་འཁྲབ།
ཡུལ་གངས་ཅན་འབྲོག་གི་རྒྱལ་ཁམས་ཡིན། གཡང་དཀར་ནག་རྗེས་ལ་གླུ་ཞིག་ལེན།
སྦྲ་སྨུག་པོའི་རྩིབ་ལ་བྲོ་ཞིག་འཁྲབ། ང་རྒྱལ་ཁམས་དཀྱིལ་གྱི་མཛངས་མ་ཡིན།


No comments: