Tsang ngawang Tsering's new song
ཆང་གཞས།
ཚིག གཙང་ངག་དབང་ཚེ་རིང་།
གདངས། གཙང་ངག་དབང་ཚེ་རིང་། ལེན་མཁན། གཙང་ངག་དབང་ཚེ་རིང་།
ཆང་གཞས།
ཚིག གཙང་ངག་དབང་ཚེ་རིང་།
གདངས། གཙང་ངག་དབང་ཚེ་རིང་།
ལེན་མཁན། གཙང་ངག་དབང་ཚེ་རིང་།
ང་ཚོ་མ་འཛོམ་བར་ལ།། ང་ཚོ་མ་འཛོམ་བར་ལ།།
འཛོམ་ན་འཛོམ་ན་བསམ་བྱུང་།། སོའོ་ཡ་ལ་འཛོམ་ན་འཛོམ་ན་བསམ་བྱུང་ལོ།།
ང་ཚོ་འདི་རུ་འཛོམས་འཛོམས།། ང་ཚོ་འདི་རུ་འཛོམས་འཛོམས།།
གཏན་དུ་འཛོམ་རྒྱུ་བྱུང་ན།། སོའོ་ཡ་ལ་གཏན་དུ་འཛོམ་རྒྱུ་བྱུང་ན་ལོ།།
སོའོ་ཡ་ལ་གཏན་དུ་འཛོམ་རྒྱུ་བྱུང་ན་ལོ།།
གཏན་དུ་འཛོམས་པའི་མི་ལ།། གཏན་དུ་འཛོམས་པའི་མི་ལ།།
སྙུང་གཞི་གོད་ཆག་མ་གཏོང་།། སོའོ་ཡ་ལ་སྙུང་གཞི་གོད་ཆག་མ་གཏོང་སོ།།
སོའོ་ཡ་ལ་སྙུང་གཞི་གོད་ཆག་མ་གཏོང་སོ།།
ང་ཚོ་འཛོམས་པའི་དུས་ལ།། ང་ཚོ་འཛོམས་པའི་དུས་ལ།།
སྙན་པའི་གླུ་ཞིག་བཏང་ཡོད་།། སོའོ་ཡ་ལ་དགའ་བའི་ཞབས་བྲོ་འཁྲབ་ཡོད་སོ།།
སོའོ་ཡ་ལ་དགའ་བའི་ཞབས་བྲོ་ཞིག་འཁྲབ་ཡོད་སོ།།
བདག་གིས་བཞུས་པའི་མཆོད་ཆང་།། མཆོད་ཆང་སྦྲང་རྩི་ཉིང་ཁུ།།
སིམ་སིམ་སིམ་ལ་མཆོད་དང་།། སོའོ་ཡ་ལ་ཟུང་སྦྲེལ་ཞབས་བཏེགས་གནང་དང་ལོ།།
No comments:
Post a Comment