Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

22 Jul 2019

果洛尖参VS岗仲普华甲新歌 2019

Golok Galten and Pagba Kyab's new single '' God's Mountain '' 2019 
果洛尖参 岗仲普巴甲 '' 神山 '' 
ས་ཆེན་གྱི་རྔོག་མ་དཀར་པོ།
ལེན་མཁན། མགོ་ལོག་རྒྱལ་མཚན་དང་འཕགས་པ་སྐྱབས།





ས་ཆེན་གྱི་རྔོག་མ་དཀར་པོ།
ཚིག  འཕང་།  དབྱངས། མགོ་ལོག་རྒྱལ་མཚན།
མགོ་ལོག་རྒྱལ་མཚན་དང་གངས་གྲོང་འཕགས་པ་སྐྱབས་གཉིས་ཀྱིས་བླངས།

ས་ཆེན་གྱི་རྔོག་མ་དཀར་པོ། ཉི་ཟླ་ཡི་ཐོར་ཅོག་མཛེས། རང་བྱུང་གི་མེ་ལོང་ཡིན།
ངོ་མཚར་གྱི་གངས་རི་ཁྱེད། ཨོ་ཧོ་་་ ་་་
འཛམ་གླིང་གི་གཙུག་ཏོར་ནོར་བུ། ཞི་བདེའི་ངང་བརྗིད་ཀྱིས་འགྱིངས། ཨོ་ཧོ་་་ ་་་
བདག་སེམས་ལ་འགྱུར་མེད་ཀྱི། དད་འདུན་ཞིག་བརྟན་ནེར་འགྲེངས།

རྨད་བྱུང་གི་གངས་དཀར་ལྷུན་པོ།། གངས་ཅན་པའི་སྙིང་རུས་མཁྲེགས་པོ།།
ཕ་མ་ཡི་བྱམས་བརྩེ་འོད་པོ།། སྐྱིད་སྡུག་གི་མགོ་བོ་དུད་ས།།

མཐོ་སྒང་གི་རལ་བ་དཀར་པོ། སྐར་ཚོགས་ཀྱི་རྨི་ལམ་ཡིན།
འབྲོང་ཆུང་གི་སྣང་བ་ཡིན། ཟླ་མེད་ཀྱི་གངས་རི་ཁྱེད། ཨོ་ཧོ་་་ ་་་
ཁ་བ་ཡི་མུ་ཏིག་ཕྲེང་བ། འོད་དཀར་དེ་འཛུམ་དམུལ་ལེར། ཨོ་ཧོ་་་ ་་་
བདག་སེམས་ལ་བསླུ་མེད་ཀྱི། གཏན་ཚིགས་ཤིག་ཏན་ནེར་བཞག

རབ་མཛེས་ཀྱི་གངས་དཀར་རི་བོ།། གཉུག་སེམས་ཀྱི་ཁ་དོག་མཚོན་ཡོད།།
ཡབ་མེས་ཚོའི་རྟུལ་ཕོད་མཚོན་ཡོད།། དགའ་སྐྱོ་ཡི་སྨོན་ལམ་དཀར་པོ།།

འདུ་ཤེས་ཀྱི་མཆོད་རྟེན་དཀར་པོ། བདེ་སྐྱིད་ཀྱི་རྨུ་ཐག་ཡིན།
རྣམ་ཤེས་ལ་བདེ་འགྲོ་བསྩལ། ཤེལ་དཀར་གྱི་གངས་རི་ཁྱེད། ཨོ་ཧོ་་་་།
སྦྲ་ནག་གི་རྒྱབ་རི་དཀར་པོ། རྣང་ཞིང་གི་དངོས་གྲུབ་ཡིན། ཨོ་ཧོ་་་ ་་་
བདག་སེམས་ལ་བྱིན་གྱིས་བརླབས། འཚོལ་སྙེག་ཅིག་གསལ་ལེར་མངོན།

དད་རྟེན་གྱི་བླ་རི་དཀར་པོ།། དྲན་ཤེས་ཀྱི་མེ་ཏོག་འཐུ་ས།།
མཛེས་སྡུག་གི་ལྷིང་འཇགས་སྒོམ་ས།། དྭངས་གཙང་གི་དག་པའི་ཞིང་ཁམས།།

No comments: