Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

8 May 2019

Dukar Yak 德格叶最新单曲《红尘》2019


Dukar Yaak's new single 2019
གདུགས་དཀར་ཡག་གི་རྐྱང་གཞས་གསར་བ༼འཁོར་བའི་སྙིང་བོ།༽2019
德格叶最新单曲《红尘》


-----------


འཁོར་བའི་སྙིང་བོ།红尘》


ཚིག་རྩོམ་མཁན།  གངས་དཔལ། དབྱངས་རྩོམ་མཁན།  གདུགས་དཀར་ཡག གཞས་མ་གཏམ།   ཀླུ་སྒྲུབ་རྒྱ་མཚོ།


གསེར་གྱི་སྒྲོལ་མ་འགྱུར་ཐལ།། དངུལ་གྱི་སྒྲོལ་མས་བརྗེད་ཐལ།།

སེམས་ཀྱི་གཡུ་ཡི་སྒྲོལ་མ།། གཞན་རྗེས་འབྲང་ནས་བྲོས་ཐལ།།
ཚིག་རྟིང་མནའ་ཡིས་བསྒགས་པའི།། ཁ་འབྲས་འཚར་བའི་འབྲོག་མོ།།
སེམས་པ་སེམས་ཀྱིས་ཤེས་ན།། རྒྱ་གྲོང་བརྒྱུད་ནས་མ་འགྲོ།།
ཨ་ཅག་སྙིང་མཐུན་ཁྱོད་ཕྱིར་ལ་ཤོག་ངས་ཁྱོད་ཆང་ཞིག་འདྲེན།
ཨ་ཅག་སྙིང་མཐུན་ཁྱོད་ཕྱིར་ལ་ཤོག་ངས་ཁྱོད་གླུ་ཞིག་ལེན།
ཨ་ཅག་སྙིང་མཐུན་ཁྱོད་ཕྱིར་ལ་ཤོག་ངས་ཁྱོས་དྲན་པ་གླེང་།

རྐྱང་ཞུར་རྐྱང་ལ་འདྲེས་ཐལ།། གྲོ་ཞུར་ཇག་པས་དེད་ཐལ།།
སེམས་ཀྱི་རྟ་ནག་རྟིང་དཀར།། རྟོད་ཐག་བཅད་ནས་ཤོར་ཐལ།།
ཁ་རའི་ནང་ལ་བཏགས་པའི།། གཡེར་ཆེན་རྔོག་དཀར་དྲེའུ་ཆུང་།།
གཤིས་བཟང་གོམ་ཁ་ཡང་ན།། ཤིང་སྒ་གསེར་གྱིས་ཤན་ཡོད།།
སྲབ་མདའ་སྲབ་སྐྱོགས་ཆད་ན་ཆད་ང་སྐྱ་མོ་ལམ་ཡོད་གི
སྒ་གདན་གྲུ་བཞི་ལྷག་ན་ལྷག་ང་གསེར་གྱི་སྒ་ཡོད་གི
བྱང་ལམ་མཚམས་ནས་ལུས་ན་ལུས་ང་སྨུག་ཆུང་དྲེའུ་ཡོད་གི

གསེར་གྱི་སྒྲོལ་མ་འགྱུར་ཐལ།། དངུལ་གྱི་སྒྲོལ་མས་བརྗེད་ཐལ།།
སེམས་ཀྱི་གཡུ་ཡི་སྒྲོལ་མ།། གཞན་རྗེས་འབྲང་ནས་བྲོས་ཐལ།།
ཚིག་རྟིང་མནའ་ཡིས་བསྒགས་པའི།། ཁ་འབྲས་འཚར་བའི་འབྲོག་མོ།།
སེམས་པ་སེམས་ཀྱིས་ཤེས་ན།། རྒྱ་གྲོང་བརྒྱུད་ནས་མ་འགྲོ།།
ཨ་ཅག་སྙིང་མཐུན་ཁྱོད་ཕྱིར་ལ་ཤོག་ངས་ཁྱོད་གླུ་ཞིག་ལེན།
ཨ་ཅག་སྙིང་མཐུན་ཁྱོད་ཕྱིར་ལ་ཤོག་ངས་ཁྱོད་ཆང་ཞིག་འདྲེན།
ཨ་ཅག་སྙིང་མཐུན་ཁྱོད་ཕྱིར་ལ་ཤོག   ངས་ཁྱོད་ཚིག་གསུམ་བཤད།
ཨ་ཅག་སྙིང་མཐུན་ཁྱོད་ཕྱིར་ལ་ཤོག་ངས་ཁྱོས་དྲན་པ་གླེང་།
འཁོར་བའི་སྙིང་བོ་ཁྱོད་གང་ན་ཡོད་གོས་ཆེན་འབྲུག་མ་ལགས།
འཁོར་བའི་སྙིང་བོ་ཁྱོད་གང་ན་ཡོད་དངུལ་དཀར་མཛུབ་དཀྲིས་ལགས།
གཤིས་ལ་འགྱུར་བག་ཆེ་བས།། རིང་ན་དྲན་གི་གསུང་བྱུང་།།
བློ་ན་སྣོག་རྒྱུ་མང་བས།། ཉེ་ན་སུན་གི་གསུང་བྱུང་།།
རྒྱུ་རྐྱེན་ཆེན་པོ་མེད་ཀྱང་།། རྒྱུ་མཚན་མེད་པར་གཤེ་ཡོང་།།
ཁ་དང་འགྲམ་པ་གཤིབ་ན།། རྒྱུན་དུ་འཁོན་གྲོས་མང་བ།།
འཁོར་བའི་སྙིང་བོ་ཁྱོད་གང་ན་ཡོད་གོས་ཆེན་འབྲུག་མ་ལགས།
འཁོར་བའི་སྙིང་བོ་ཁྱོད་གང་ན་ཡོད་དངུལ་དཀར་མཛུབ་དཀྲིས་ལགས།
འཁོར་བའི་སྙིང་བོ་ཁྱོད་གང་ན་ཡོད་ལ་གླུ་རིང་མོ་ལགས།

No comments: