ཚིག་དང་དབྱངས་ལེན་མཁན། ནོར་བུ་བསམ་འགྲུབ།
ང་ཡི་བརྩེ་བའི་གཅེན་མོ་ལྷ་ཡི་སྲས་མོ་འདྲ།
མི་ཚེ་འདིའི་ནང་དུ་མཉམ་དུ་འཚར་ལོངས་བྱུང་།
ཆུང་ཆུང་བྱིས་པའི་དུས་ནས་ཁྱེད་ཀྱི་བརྩི་བཀུར་འོག
བུ་ང་ཡི་ཁྱེད་ལ་ཐུགས་རྗེ་ཆེ།
ང་ཡི་བརྩེ་བའི་གཅེན་མོ་རྟེན་འབྲེལ་གྱི་ཉིན་མོ།
ཚེ་གཅིག་བསྐོས་པའི་ལས་ཀྱི་ཁྱེད་ནི་ལག་དང་འབྲེལ།
ཁྱེད་ལ་བདེ་སྐྱིད་ཡོང་བའི་སྨོན་འདུན་བུ་ངས་ཞུས།
ཆུང་དུས་གཅུང་པོ་ང་ལ་སྲུང་སྐྱོབ་གནང་མཁན་བརྩེ་བའི་གཅེན་མོ་ལགས།
གཅུང་པོའི་ཆེད་དུ་འཆི་མ་གྲངས་མེད་རླུང་།
ཚེ་དེར་བསྐོས་པའི་བྲལ་ཐབས་མེད་པས་ང་ཡི་གཅེན་མོ་ལགས།
ནམ་ཡང་བདེ་སྐྱིད་ཡོང་བར་སྨོན།
ང་ཡི་བརྩེ་བའི་གཅེན་མོ་ལྷ་ཡི་སྲས་མོ་འདྲ།
གཤིས་རྒྱུད་བཟང་ལ་བློ་རིག་ལྡན་པའི་བུད་མེད་ཞིག
རང་སེམས་མེད་པར་གཞན་ཕན་བྱང་ཆུབ་སེམས་དང་ལྡན།
བུ་ང་ཡི་ཁྱེད་ལ་བསྟོད་གླུ་ལེན།
བརྩེ་བའི་བཀའ་དྲིན་ཅན་གྱི་ང་ཡི་གཅེན་མོ་ཁྱེད་ལ་ཐུགས་རྗེ་ཞུ།
གཅུང་པོའི་ཆེད་དུ་གནང་བ་ཐམས་ཅད་ངེས།
མ་འོངས་བདེ་སྐྱིད་ལྡན་པའི་ཡུམ་ཞིག་འཆར་བའི་སྨོན་འདུན་ཞུ།
ཁྱེད་ནམ་ཡང་ངའི་གཅེན་མོ་ཡིན།
བརྩེ་བའི་བཀའ་དྲིན་ཅན་གྱི་ང་ཡི་གཅེན་མོ་ཁྱེད་ལ་ཐུགས་རྗེ་ཞུ།
གཅུང་པོའི་ཆེད་དུ་གནང་བ་ཐམས་ཅད་ངེས།
མ་འོངས་བདེ་སྐྱིད་ལྡན་པའི་ཡུམ་ཞིག་འཆར་བའི་སྨོན་འདུན་ཞུ།
ཁྱེད་ནམ་ཡང་ངའི་གཅེན་མོ་ཡིན།
ཁྱེད་ནམ་ཡང་ངའི་གཅེན་མོ་ཡིན།
ཁྱེད་ནམ་ཡང་ངའི་གཅེན་མོ་ཡིན།
No comments:
Post a Comment