Tibetan song ''Happy family''
by Rinchen Dolma, Penmo Dekyi and Sherpa
藏族歌曲 '' 幸福一家人 ''
合演者: 仁青卓玛 彭毛德吉 谢尔巴
''བཟའ་མི་གསུམ།'' ཕག་མོ་བདེ་སྐྱིད། རིན་ཆེན་སྒྲོལ་མ། ཤེར་བྷ།
བདེ་སྐྱིད་ཀྱི་ཁྱིམ་མི།
གཞས་ཚིག རྟ་མགྲིན་ཚེ་རིང་།
གཞས་དབྱངས རྟ་མགྲིན་ཚེ་རིང་།
ལེན་མཁན ཤེར་བྷ། རིན་ཆེན་སྒྲོལ་མ ཕག་མོ་བདེ་སྐྱིད
ང་ཡི་ཨ་མ། ཁྱེད་ནི་བྱམས་བརྩེའི་བདག་མོ།
ལོ་དང་ཟླ་བ་ཉིན་དང་མཚན་རེར། རང་ཁྱིམ་གྱི་བདེ་སྐྱིད།
ཁྱེད་ནི་གཟིམས་མེད་པའི་མཆོད་མེ་འོད་འབར།
དགུན་གཞུང་རིང་མོར་ངས་ཨ་མ་དྲན་གི
ང་ཡི་གཅེས་ཕྲུག། སྲོག་དང་འདྲ་བའི་གཅེས་ཕྲུག།
ཁྱོད་ནི་ངའི་ཡ་ཆུང་སྙིང་གི་ཞེ་ཐོགས་སའི་མི།
ཁྱོད་ཀྱི་བཟོ་ལྟ་དང་འཛུམ་མདངས་སེམས་ནས་དྲན་གི།
ལོ་ལོ་མ་ངུ་། ཨ་མ་ཕྱིར་ལ་ཡོང་གི་ཡོད།
ངའི་སྙིང་གི་གཅེས་ཕྲུག་ཡ། ཡིད་ལ་དམ་པོར་བཟུང་།
ཕ་མས་ཁྱོད་ཀྱི་ཆེད་དུ་དཀའ་སྡུག་ཐེགས་ཡོད།
སྤོབས་པ་བསྐྱེད་དང༏ འཚར་ལོངས་ཤོག་ཡ།
ཁྱིམ་འདིའི་བདེ་སྡུག་ཡོད་ཚད་ང་ཚོས་མཉམ་དུ་འཁུར་ཆོག
ངའི་ཡིད་ཀྱི་དྲིན་ཆེན་གྱི་ཨ་ཕ་ཨ་མ།
ཁྱིམ་འདིའི་བདེ་སྐྱིད་དང་འོངས་པའི་ཆེད།
ནང་སེམས་གཅིག་དུ་སྦྲེལ་ནས། སེམས་ཀྱི་བཟའ་མི།
ང་ཚོའི་སེམས་པའི་ཁྱིམ་གཞི་ནམ་ཡང་བདེ་སྐྱིད་ལྡན་པར་ཤོག

No comments:
Post a Comment