Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

22 Dec 2017

Methok མེ་ཏོག 美多 2017

རྐྱང་གཞས་གསར་བ། གླིང་བཞིའི་གཡང་དཀར་པོ། གཞས་མ་མེ་ཏོག
美多2017年最新单曲
གླིང་བཞིའི་གཡང་དཀར་པོ། 
美多单曲 -《四洲之福》





གླིང་བཞིའི་གཡང་དཀར་པོ། 
ཚིག  གཡག་གྲུ་གཟིངས།  དབྱངས ཚེ་རིང་དོན་གྲུབ། གཞས་མ།  མེ་ཏོག།

གངས་དཀར་པོ་ཉི་ཟླའི་དབུ་ཞྭ་ཅན།།
ཐུགས་དྲོན་མོས་གཟིགས་གཟིགས་འགྲོ་ལ་གཟིགས།།
བྱམས་བརྩེ་བས་གཟིགས་གཟིགས་གོ་ལར་གཟིགས།།
མ་སེམས་ཅན་བདེ་བའི་གཡང་ལ་གཟིགས།།
གཡང་དཀར་པོ་གར་འཛོམས་མི་ཤེས་ན།།
གཡང་དེ་འཛོམས་གོ་ལའི་ཏོག་ལ་འཛོམས།།
གཡང་དཀར་པོའི་གསེར་ཞལ་མི་ཉམས་པའི།།
སྐྱིད་ཕྱ་གཡང་དཀར་པོས་བཀྲ་ཤིས་ཤོག།
སོ་ཡ་རེ་་་ ་་་གངས་རི་ཡ་་་ ་་་ཀི་བསོ་ལོ།
སོ་ཡ་རེ་་་ ་་་བསམ་དོན་ཡ་རང་འགྲུབ།

ཆུ་གཡང་འཁྱིལ་རླབས་ཕྲེང་མུ་ཏིག་ཅན།།
ལོ་ད་ལོ་མཛེས་མཛེས་བོད་ན་མཛེས།།
ལོ་སང་ལོ་མཛེས་མཛེས་གླིང་ལ་མཛེས།།
སྐྱིད་བསོད་ནམས་ཡག་པའི་གཡང་ལ་མཛེས།།
གཡང་དཀར་པོ་གར་འཛོམས་མི་ཤེས་ན།།
གཡང་དེ་འཛོམས་སྲིད་པའི་གཙུག་ལ་འཛོམས།།
གཡང་དཀར་པོའི་གསེར་ཞལ་མི་ཉམས་པའི།།
སྐྱིད་ཕྱ་གཡང་དཀར་པོས་བཀྲ་ཤིས་ཤོག།
སོ་ཡ་རེ་་་ ་་་ཆུ་མོ་ཡ་་་ ་་་ཀི་བསོ་ལོ།
སོ་ཡ་རེ་་་ ་་་བསམ་དོན་ཡ་་རང་འགྲུབ།




No comments: