Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

22 Dec 2017

红珊瑚组合 Churi Marchong Tsendep 2017

2017年红珊瑚组合单曲《月光下的思念 》全网首发
Churi Marchong Tsendep 2017 '' Miss the moonlight''



ཟླ་ངོགས་ཀྱི་སེམས་པ།
ལེན་མཁན། བྱུ་རུ་དམར་ཆུང་ཚན་སྡེབ། ཚིག  བཀྲ་ཤིས་ཡར་འཕེལ། གདངས  ལུང་མོའི།

དཀར་གསལ་དུང་གི་ཟླ་བར་བལྟ་བཞིན་སྙིང་གི་གྲོགས་ལ་སྒུག
སེམས་ཀྱི་དབྱངས་རྟ་ཤབ་བེ་ཤུབ་བེ་སྐྱི་བསུར་རླུང་ལ་བསྐུར།
མི་འགྱང་མྱུར་ཏུ་མཇལ་བའི་མིག་ཟུངགཡོ་མེད་བགྲད་བཞིན་དུ།
སེམས་ཀྱི་གསང་བ་འཕྲིན་ཐུང་བརྒྱུད་དེ་སྙིང་གི་གྲོགས་ལ་བརྗོད།
ལྷན་གཅིག་ཡངས་པའི་སྤངས་ཐང་མྱུལ་ཞིང་གཡང་དཀར་འབའ་འབའ་འཚོས།
གངས་ལྷ་མེ་ཏོག་མཉམ་དུ་འཐུ་ཞིང་བརྗིད་ཆགས་གངས་ལ་བལྟས།
བརྩེ་བའི་མེ་ཏོག་སྣ་བརྒྱ་སྤངས་དང་ཆུ་བོའི་འགྲམ་ལ་བཏབ།
མི་འགྱུར་ཚིག་གསུམ་དམ་བཅའ་དེ་ཡང་རྡོ་བརྐོས་རི་མོར་བཀོད
འདུ་འཛིའི་ཁྲོད་དུ་འུ་གཉིས་འཕྲད་པའི་སྣང་བ་དེ་ཡང་དྲན།
ཁྱོད་ཡ  སྤངས་ཐང་མྱུལ་བ།མཚན་མོའི་ཟླ་ངོགས་དུང་བའིསྙིང་གི་གཏམ།
ཁ་སང་བཞག་པའི་བརྩེ་བ་ཟབ་མོ་ལོ་ཟླས་བསུབ་མི་ནུས།
བདེ་སྐྱིད་སྣང་བ་དེ་ཡང་ཉེ་བའི་ས་ན་ཡོད།
ཁྱེད་ལ་བཅངས་པའི་བརྩེ་བ་ཟབ་མོའི་དྲོད་ཁོལ་འཇམ་པོ་ཡོད།
ཁྱོད་ཡ   འགྱུར་བ་མ་གནང། ཡིད་ཆད་མ་གནང  ལས་དབང་ཟབ་མོ་དེ།
ཁྱེད་དང་འབྲལ་མེད་དམ་པོར་ཡོད་པས་བརྩེ་བ་མྱོང་གི་ཡོད།
གཞས་གདངས་གཉོམ་པོས་བདེ་སྐྱིད་འཚོ་བ་བཤད་ཀྱིན་ཡོད།



No comments: