དམ་བཅའ།
གཞས་ཚིག འབོར་དཀོན་མཆོག་ཚེ་རིང་།
དབྱངས། འབྲུག་གཞས་བསྒྱུར་བཟོ།
གཞས་པ། ཅོ་ནེ་ཨ་སྒྲོན། གངས་དཀར་མཚོ།
རང་སེམས་ཤོར་བའི་བུ་མོ།། ཚུར་ལ་འཛུམ་གྱིས་བསུས་དང་།།
ཁྲ་ཆུང་མིག་གི་དབུས་ན།། ཁྱོད་ལས་མཛེས་པ་མི་འདུག།།
རང་སེམས་ཤོར་བའི་བུ་ཆུང་། ཚུར་ལ་བརྩེ་བ་གནངས་དང་།།
མ་བུ་མོ་ང་ཡི་མི་ཚེ།། ཁྱོད་ལ་བཅོལ་ན་བསམ་བྱུང་།།
གཏམ་སྙན་མོའི་ཁ་ཡག་མི་དགོས།། གཡོ་བསླུ་བྲིའི་མགོ་སྐོར་མི་དགོས།།
ལྷད་མེད་པའི་བརྩེ་བ་ཡོད་ན།། མོ་ང་དེ་ལས་དགའ་བ་མེད།།
གསེར་སེར་བོའི་མཛུབ་དཀྲིས་མི་དགོས།། གཡུ་བྱུ་རིའི་སྐེ་རྒྱན་མི་དགོས།།
ནང་སེམས་ཀྱི་དུངས་བ་ཡོད་ན།། མོ་ང་དེ་ལས་སྐྱིད་པ་མེད།།
སེམས་བསམ་པའི་སྐད་ཆ་ཁྱོད་ལ་བཤད་ན་བསམ་ཡོད།།
ཞེ་དུངས་བའི་བརྩེ་བ་ཁྱོད་ལ་གླེང་ན་འདོད་ཡོད།།
སྐྱིད་འཚོ་བའི་ལོངས་སྤྱོད་ཁྱོད་ལ་སྦྱིན་ན་བསམ་ཡོད།།
གཞི་འཁོར་བའི་ལས་དོན་ཁྱོད་ལ་བསྒྲིག་ན་འདོད་ཡོད།།
རང་སེམས་ཤོར་བའི་བུ་ཆུང་།། ཚུར་ལ་དུངས་བ་གནངས་དང་།།
མ་བུ་མོ་ང་ཡི་ལས་དབང་།། ཁྱོད་ལ་བསྐོས་ན་བསམ་བྱུང་།།
སེམས་དང་སེམས་པའི་ཕྱི་ནང་།། ཁྱོད་ལ་སྟོན་ན་བསམ་བྱུང་།།
གཏམ་དང་ཚིག་གི་ནང་སྙིང་།། ཁྱོད་ལ་བཤད་ན་བསམ་བྱུང་།།
གསེར་སེར་པོའི་མཛུབ་དཀྲིས་མི་དགོས།། གཡུ་བྱུ་རིའི་སྐེ་རྒྱན་མི་དགོས།།
ནང་སེམས་ཀྱི་དུངས་བ་ཡོད་ན།། མོ་ང་དེ་ལས་སྐྱིད་པ་མེད།།
གཏམ་སྙན་མོའི་ཁ་ཡག་མི་དགོས།། གཡོ་བསླུ་བྲིའི་མགོ་སྐོར་མི་དགོས།།
ལྷད་མེད་པའི་བརྩེ་བ་ཡོད་ན།། མོ་ང་དེ་ལས་དགའ་བ་མེད།།
སེམས་བསམ་པའི་སྐད་ཆ་ཁྱོད་ལ་བཤད་ན་བསམ་ཡོད།།
ཞེ་དུངས་བའི་བརྩེ་བ་ཁྱོད་ལ་གླེང་ན་འདོད་ཡོད།།
སྐྱིད་འཚོ་བའི་ལོངས་སྤྱོད་ཁྱོད་ལ་སྦྱིན་ན་བསམ་ཡོད།།
གཞི་འཁོར་བའི་ལས་དོན་ཁྱོད་ལ་བསྒྲིག་ན་འདོད་ཡོད།།
རང་སེམས་ཤོར་བའི་བུ་ཆུང་།། རང་སེམས་ཤོར་བའི་བུ་མོ།།
No comments:
Post a Comment