ཚིག་གདངས་ལེན་མཁན། པདྨ་བསྟན་འཛིན།
ལྷོ་ཁར་སླེབས་སོང་། ཨ་མ་སྒྲོན་བྱས་ནས་སླེབས་སོང་།
བསོད་ནམས་དཔལ་འཛོམས་འཕྲད་བྱུང་། ག་པར་འགྲོ་མཁན་ཡིན་པས་ཟེར་གྱིས།
ཡར་ལུང་གཙང་པོའི་ནང་ལ་གསེར་ཉ་མང་པོ་འདུག སྐལ་བཟང་ཟམ་པའི་སྒང་ལ་བུ་མོ་མང་པོ།
སྐྱག་རྫུན་མ་ཤོད།གང་ཡིན་སྲིད། ཨ་མ་སྒྲོན་མེད།ཅོག་ག་པར་འགྲོ་མཁན་ཡིན།

གོང་པོ་རི་ལ་ཕྱིན་པས། སྤྲེའུ་བྲག་ཕུག་དངོས་སུ་མཇལ་བྱུང་།
སྤྲེའུ་ཁ་ཤས། ནང་མའི་ནང་ལ་སླེབས་བཞག སྤྲེའུ་ཁ་ཤས། མཱ་ཅང་རྒྱག་གིས།
སྤྲེའུ་ཁ་ཤས། ར་བཟི་བྱས་བསྡད་བཞག སྤྲེའུ་ཕྲུག་ཁ་ཤས། སོ་སོས་ཧ་གོ་གི་མིན་འདུག་བྱས།
སྤྲེའུ་ཁ་ཤས། འོ་་་་་་ཡ་རི་ཡས་ཨས་་་
སྤྲེའུ་ཁ་ཤས། འོ་་་་་་ཡ་རི་ཡས་་་

དེ་ནས་ཡུམ་བུ་བརླ་མཁར་ལ་ཕྱིན་པས། གཡག་བཞོན་ནས་རིའི་རྩེ་རུ་སླེབས་སོང་།
གཡག་དེ་བཞོན་ནས་རིའི་སྒང་ལ་འཛེགས་དུས།
གཡག་དེ་བཞོན་ནས་རིའི་སྒང་ལ་འཛེགས་དུས།
སྤོའོ་བོ་གཅིག་གིས་སྣང་བ་ཡོག་མ་རེད་སྒོར་མོ་ལྔ་རེད་ཟེར་གྱིས།
རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་མཇལ་བྱུང་། གྲོང་ལ་སྔ་བ་འཕྱིང་བ་སྟག་རྩེ་མཐོང་བྱུང་།
ཞིང་ལ་སྔ་བ་སྦར་རས་ལ་ཞིང་དང་། ཆོས་ལ་སྔ་བ་དཔག་ཀོང་ཕྱག་རྒྱ་འདུག
ལྦའེ་་་་་མགྱོགས་ཙམ་མ་བྱས་ན་འཕྱོངས་རྒྱས་ཀྱི་མོ་ཊ་འགྲོ་མཁན་རེད་འདུག

འཕྱོངས་རྒྱས་འཕྱོངས་རྒྱས་ལ་ཕེབས་ཤོག
ཨ་ཙི་འཕྱོངས་རྒྱས་འཕྱོངས་རྒྱས་འཕྱོངས་རྒྱས་ར་ཅིག་མ་གསུངས་དང་།
ཟླ་བ་སྒྲོལ་མའི་སྤྱན་གྱི་གཟིགས་ཕྱོགས་དྲན་བྱུང་། ཟླ་བ་སྒྲོལ་མའི་ཞལ་རས་དྲན་པའི་དུས།
གཞས་གཅིག་མ་བཏང་ན་ཡོང་ཡས་མིན་འདུག
ངའི་འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་སྤྱན་གྱི་གཟིགས་ཕྱོགས་དྲན་བྱུང་།

ཨ་ནི་མི་ལྷོ་ཁ་བྱ་སྐྱ་ཀག་ཟེར་མཁན་དེ་ཅོག་ཁྱེད་རང་ཚོ་མ་རེད་པས།
མི་དེ་ལྷོ་ཁ་བྱ་དེ་སྐྱ་ཀག་རེད་ཟེར། སྒོང་ང་གཅིག་གིས་ལྷ་ས་བསྐོར་སོང་ཟེར།
ཨ་ཙི་དེ་འདྲ་རང་ད་མ་གསུངས་དང་། སྒོང་ང་བརྒྱ་ཡིས་སྒོང་འབྲས་བཟོས་ནས་བཟའ་མཁན་ཡིན།
འོ་་་་་་ང་ཚོའི་ཕ་ཡུལ། འོ་་་་ལྷོ་ཁ།
འོ་་་་་ང་ཚོའི་ཕ་ཡུལ། འོ་་་་ཨ་མ་སྒྲོན།
འོ་་་་་ང་ཚོའི་ཕ་ཡུལ། འོ་་་་ལྷོ་ཁ།

No comments:
Post a Comment