Tibetan singer Yangchen Lhaze new song '' Sermo wa''
གསེར་མོ་བ། ལེན་མཁན། དབྱངས་ཅན་ལྷ་མཛེས།
ཚིག ནོར་བཟང་། དབྱངས། ཚེ་རིང་པ་སངས།
སེར་མོ་བ།
ཚིག ནོར་བཟང་།
དབྱངས། ཚེ་རིང་པ་སངས།
ལེན་མཁན། དབྱངས་ཅན་ལྷ་མཛེས།
ཁ་བ་དང་རླུང་བུ་རྒོད་ས་ནས། མེ་ཏོག་དང་འཇལ་ཚོན་ཤར་ས་ནས།
ཆུ་མིག་གི་འགྲམ་ནས་ལང་ཚོ་བཞད། རྩ་ཐང་གི་གཞིངས་ནས་མ་ངོ་ཤེས།
མེ་ཏོག་ཡ།
འདབ་མ་ལ་གཤོག་པ་སྐྱེས་ནས་འདུག འབྲས་བུ་ལ་བཟི་ཁ་སྨིན་ནས་འདུག།
ངས་ཁྱེད་ལ་ལྡིང་སྐོར་རྒྱག་བཞིན་ཡོད།
འཇིག་རྟེན་གྱི་མགོ་བོ་སྐྱོང་ས་ནས། དཀའ་སྡུག་གི་འགག་འཕྲང་མོད་ས་ནས།
མུན་ནག་གི་ནང་ནས་རང་ལམ་མཐོང་། མྱ་ངན་གྱི་ཐང་ནས་ངལ་གསོ་འཐོབ།
སེར་མོ་བ།
ཐར་པ་ལ་སྒོ་ཐེམ་དིད་ནས་འདུག ལས་འབྲས་ལ་བློ་མིག་ཡོད་ནས་འདུག
ངས་ཁྱེད་ལ་བསྟོད་གླུ་འབུལ་བཞིན་ཡོད།
སེར་མོ་བ།
ཐར་པ་ལ་སྒོ་ཐེམ་དིད་ནས་འདུག ལས་འབྲས་ལ་བློ་མིག་ཡོད་ནས་འདུག
ངས་ཁྱེད་ལ་བསྟོད་གླུ་འབུལ་བཞིན་ཡོད།
No comments:
Post a Comment