德吉才仁新歌《无量光佛》
''Buddha of Immeasurable light''
བདེ་སྐྱིད་ཚེ་རིང་གི་གཞས་གསར༼སྣང་བ་མཐའ་ཡས ༽
གཞས་ཚིག ལྡོང་ཡོན་ཏན་རྒྱ་མཚོ། གཞས་གདངས། བདེ་སྐྱིད་ཚེ་རིང་།
རོལ་མོ། ཏན་ཏན། གཞས་པ། བདེ་སྐྱིད་ཚེ་རིང་།
''སྣང་བ་མཐའ་ཡས།''
གཞས་ཚིག ལྡོང་ཡོན་ཏན་རྒྱ་མཚོ།
གཞས་གདངས། བདེ་སྐྱིད་ཚེ་རིང༏
གཞས་པ། བདེ་སྐྱིད་ཚེ་རིང༏
རོལ་མོ། ཏན་ཏན།
གཞས་གདངས། བདེ་སྐྱིད་ཚེ་རིང༏
གཞས་པ། བདེ་སྐྱིད་ཚེ་རིང༏
རོལ་མོ། ཏན་ཏན།
གངས་དཀར་པོའི་དབུ་རྩེར་གསེར་གྱི་ཉི་འོད་ཤར།།
རྗེ་སྐུ་དྲིན་ཅན་གྱི་བླ་མ་ཡང་ཡང་དྲན།།
རྗེ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ།
རྗེ་སྐུ་དྲིན་ཅན་གྱི་བླ་མ་ཡང་ཡང་དྲན།།
རྗེ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ།
ལྷ་བླ་མ་མཁའ་འགྲོའི་བྱིན་རླབས་དང་། བོད་ཁ་བ་ཅན་པའི་བསོད་ནམས་ཀྱིས། རབ་བྱུང་བཅུ་དྲུག་པའི་ས་ཕོ་སྟག་གི་ལོར། ཤར་མདོ་སྨད་གཡང་གི་ར་བ། ས་བྱིན་ཆགས་བིས་མདོ་དཔལ་གྱི་ཐིག་ལེར། གསེར་གྱི་མཆོད་རྟེན་ཞིག་འཁྲུངས་སོང་། དུང་གི་ཟླ་བ་ཞིག་བལྟམས་སོང་། མགོན་པོ་ཚེ་བརྟན། ཆོས་ཀྱི་རྒྱལ་མཚན། ཀུན་གཟིགས་བཅུ་བ་ཆེན་མོ་ཁྱོད་གངས་རིའི་མགོན་དུ་བྱོན་པས། ཆོལ་གསུམ་བོད་ཀྱི་དབུ་འཕང་མཐོ་སོང་། སེམས་ཀྱི་ཉི་མའི་དཔུང་གྲོགས་སུ་ཕེབས་པའི་སེང་དཀར་མོའི་སྙིང་སྟོབས་ཅན་དེ་ཁྱེད་ཡིན། ནག་པོའི་དཔུང་གི་ཁ་གནོན་དུ་བཞུགས་པའི་དཔལ་ཕྱག་ན་རྡོ་རྗེའི་རང་གཟུགས་ཀྱང་ཁྱེད་ཡིན། ཁྱེད་ཀྱི་མཁྱེན་རྒྱ་དང་སྤོབས་པ། ཁྱེད་ཀྱི་བྱམས་བརྩེ་དང་ཕྱག་ལས། དུས་ནམ་ཡང་། གདུང་དམར་བོད་པའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་གསལ་ལེར་འཛུམ་ཡོད།
གངས་དཀར་པོའི་དབུ་རྩེར་གསེར་གྱི་ཉི་འོད་ཤར།།
རྗེ་སྐུ་དྲིན་ཅན་གྱི་བླ་མ་ཡང་ཡང་དྲན།།
རྗེ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ།
ཤར་གསར་བརྗེའི་བཅོས་བསྒྱུར་གཟི་དཔལ་དང་། བྱང་གངས་རིའི་ལྗོངས་ཀྱི་འཕོ་འགྱུར་དེས། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྟག་གི་ལོར། རྗེ་ཀུན་གཟིགས་བཅུ་བ་ཆེན་མོས། བོད་མདོ་དབུས་ཁམས་གསུམ་གྱི་གནས་བབས་ལ་རྒྱུས་ལོན་གནང་རྗེས། ཐུགས་དགོངས་རྩ་བ་ནས་མ་ཚིམ་པར། གཞོམ་བྲལ་དམ་བཅའ་ཞིག་གནང་སོང་། བོད་པའི་སྤྱི་ཚབ། གངས་རིའི་དུང་ཟླ། རིགས་ཀྱི་དཔའ་བོ་ཁྱོད་ཀྱིས་གངས་རིའི་བདེ་སྡུག་མཚོན་པའི་ཡིག་འབྲུ་ཁྲི་བདུན་ཅན་གྱི་སྙན་ཞུ་དེ་བྲིས་པས། རང་གི་མཚན་ཐོབ་དང་ཆེ་མཐོང་ཡོད་ཚད་སྐད་ཅིག་ལ་འཕྲོག་ཀྱང་ཐུགས་འགྱོད་མ་སྐྱེས། མི་ལོ་བཅོ་བརྒྱད་བཙོན་དོང་ལས་བསྐྱལ་ཀྱང་དཔའ་སྤོབས་དང་རིགས་ཞེན་མ་དོར། གང་དུ་ཕེབས་ཀྱང་གསུང་བཞིན་པ་བོད་བསྟན་སྲིད་ཀྱི་དོན་ཡིན། གང་ནས་བཞུགས་ཀྱང་སྒྲུབ་བཞིན་པ་བོད་འཕེལ་རྒྱས་དང་མདུན་བསྐྱོད་ཀྱི་སྐོར་ཡིན། བོད་ཀྱི་སྐད་ཡིག་དང་རིག་གཞུང་། བོད་བརྒྱུད་ནང་བསྟན་དང་སློབ་གསོ། མདོར་ན། བོད་འཕེལ་རྒྱས་སུ་མ་སོང་ན་ང་ཤི་ཡང་མིག་མི་བཙུམ་པའི་དམ་བཅའ་དང་ཐུགས་བསྐྱེད་ཟབ་མོ་ཅན། ཀུན་གཟིགས་བཅུ་བ་ཆེན་པོ་ལགས།
ང་ཚོས། ཁྱེད་ཀྱི་བཀའ་དྲིན་དྲན་གི་ཡོད། ཁྱེད་ཀྱི་ཕྱག་རྗེས་གླེང་གི་ཡོད། བོད་པར་ལམ་སྟོན་མཛད་པའི་རིན་པོ་ཆེ།
ང་ཚོས། ཁྱེད་ཀྱི་བཀའ་དྲིན་དྲན་གི་ཡོད། ཁྱེད་ཀྱི་ཕྱག་རྗེས་གླེང་གི་ཡོད། ཡིག་འབྲུ་ཁྲི་བདུན་མཛད་པའི་རིན་པོ་ཆེ།
ང་ཚོས། ཁྱེད་ཀྱི་བཀའ་དྲིན་དྲན་གི་ཡོད། ཁྱེད་ཀྱི་ཕྱག་རྗེས་གླེང་གི་ཡོད། ཡིག་འབྲུ་ཁྲི་བདུན་མཛད་པའི་རིན་པོ་ཆེ།
No comments:
Post a Comment