Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

18 May 2021

Anu Ranglug 2021 - ཕྱིར་ལོག། Return

 Anu Ranglug '' Return '' 2021

ཕྱིར་ལོག། ཚིག ཨ་ནུ་རིང་ལུགས། དབྱངས། ཨ་ནུ་རིང་ལུགས། 

ལེན་མཁན། ཨ་ནུ་རིང་ལུགས།



གང་གིས་གང་གིས་བཀོད་ཀྱང་རུང་།
རང་གིས་བཙལ་བས་ རྙེད་ན་ཡང་།
མར་མེ་ཡར་གྱིས་སྒྲོན་པ་དེས།
བཙལ་བས། བཙལ་བའི། རེ་བ་གསལ།

 རང་ཉིད་སུ་ཡིན་པ་བརྗེད་ཀྱང་རུང་།
མཐའ་མའི་འབབ་ཚུགས་ལ་ཐོན་ཡང་རུང་།
བར་དོ་ཁེར་རྐྱང་ལ་འཁྱམས་ཡང་་རུང་།
ནམ་ཞིག་ཁྱོད་རང་གི་གམ་ལ་ཡོང་།
གྲངས་མེད་ཀྱི་ འཁོར་བ་ནས་ བརྒལ་ལ།
རྣམ་ཤེས་ འཆི་ལམ་ལ་ སྐྱེལ་ཡང་།
མིག་མཆི་མ་ ངོ་གདོང་ནས་ ཤོར་བ།
ཁྱོད་རང་ དྲན་པ་ལས གཞན་གང་།
འདིར་གསོན་པ་ལས། འདིར་གསོན་པ་ལས།
ལས་དབང་ལ་རྒོལ་བ་ཞིག་འདོད་ཡ་།
མཐའ་མའི་དབུགས་ཐེངས་ཀྱིས་ཡར་ལངས་ཡ།
ལག་པ་དེ་བྲང་ལ་བཞག་།
དམ་བཅའ་དེ་སེམས་ལ་ཉར་ཡ།

ལམ་ག་དེ་ཅི་གཟར་ཡང་།
གང་ཅིས་ཀྱང་ཚུར་ལ་ཡོང་ཡ།

རང་ཉིད་སུ་ཡིན་པ་བརྗེད་ཀྱང་རུང་།
མཐའ་མའི་འབབ་ཚུགས་ལ་ཐོན་ཡང་རུང་།
བར་དོ་ཁེར་རྐྱང་ལ་འཁྱམས་ཡང་་རུང་།
ནམ་ཞིག་ཁྱོད་རང་གི་གམ་ལ་ཡོང་།

གྲངས་མེད་ཀྱི་འཁོར་བ་ནས་ བརྒལ་ལ།
རྣམ་ཤེས་འཆི་ལམ་ལ་ སྐྱེལ་ཡང་།
མིག་མཆི་མ་ངོ་གདོང་ནས་ ཤོར་བ།
ཁྱོད་རང་དྲན་པ་ལས གཞན་གང་།
མིག་རྐོ་དེ་མར་ཟུམ་ན། ཁྱོད་རང་དེ་ཡིད་ལ་ཤར།
དབང་གོ་ས་དེ་མི་སྣང་། ཁྱོད་རང་དང་འཕྲད་ན་བསམ།

ཡིད་ཆད་པ་མ་གནང་ཡ། འཆི་མ་ཡང་མ་གཏོང་ཡ།
རེ་སྒུག་གི་མིག་མཐོང་ལ་། འགུག་འབོད་དེ་གོ་སོང་ཡ།
གང་གིས་ གང་གིས་བཀོད་ཀྱང་རུང་།
རང་གིས་ བཙལ་བས་ རྙེད་ན་ཡང་།
གཏན་ལ་འགྱུར་བ་མེད་ཡ།
ཁྱོད་ལ་བཞག་པའི་གནའ།
ནམ་ཡང་འཇིགས་པ་མེད་ཡ།
ཁྱོད་ང་ཡི་ལྷན་དུ་ཡོད་པས་ན།

ཁྱོད་རང་དང་འབྲེལ་བ་ཡོད་ཚད་ཁྱེར་ནས།
བྱ་ཚོགས་དེའི་གཤོགས་ཟུང་ཁྲོད་ལ་འགྲོགས་ནས།
མཚན་མོ་ལ་བཞད་པའི་མེ་ཏོག་ནང་ནས།
ཁྱོད་རང་དང་ཡང་བསྐྱར་གནས་དེར་མཇལ་ཡ་།

གང་གིས་གང་གིས་བཀོད་ཀྱང་རུང་།
རང་གིས་བཙལ་བས་ རྙེད་ན་ཡང་།
མར་མེ་ཡར་གྱིས་སྒྲོན་པ་དེས།
བཙལ་བས།བཙལ་བའི། རེ་བ་གསལ།

3 May 2021

【下雪了】 索南曲珍 & 央金拉姆 Sonam Choedon & Yangchen Lhamo

 གཞས་གསར།བསོད་ནམས་ཆོས་སྒྲོན་དང་དབྱངས་ཅན་ལྷ་མོ། 
索南曲珍&央金拉姆【下雪了】2021


ཁ་བ་བབས་བྱུང་།     
ཚིག ལྡོང་ཡོན་ཏན་རྒྱ་མཚོ།
གདངས། ཙན་དན་ལོ་མ།
ལེན་མཁན། བསོད་ནམས་ཆོས་སྒྲོན། དབྱངས་ཅན་ལྷ་མོ།
       
ཁ་བ་བབས་བྱུང་།  མེ་ཏོག་བཞིན་བབས་བྱུང་།
མཐོ་བ་གངས་རིའི་རྩེ་མོ། དམའ་བ་སྤང་གཞོང་ཡངས་མོ།
ཁ་བའི་གོས་དཀར་གྱིས་གཡོག་སོང་། ཁ་བའི་མེ་ཏོག་གིས་གང་སོང་།
ཁ་བའི་གོས་དཀར་གྱིས་གཡོག་སོང་། ཁ་བའི་མེ་ཏོག་གིས་གང་སོང་།
ཁ་བ་དཀར་པོ།  བཀྲ་ཤིས་པའི་མཚོན་རྟགས་གསར་བ་ཡིན།
ཁ་བ་དཀར་པོ།  བོད་གདོང་དམར་ཚང་གི་གཤིས་ཀ་ཡིན།
ཁ་བ་བོད་ལ་བབས་པས།  བོད་པའི་ལྷག་བསམ་དཀར་དཀར།
ཁ་བ་བོད་ལ་བབབ་པས།  བོད་པའི་རང་གཤིས་དཀར་དཀར། 
ང་ཁ་བའི་བུ་མོ་བོད་ལ་དགའ་།  ང་བོད་པའི་བུ་མོ་ཁ་བར་དགའ།

ཁ་བ་བབས་བྱུང་།   དར་དཀར་བཞིན་བབས་བྱུང་།
འབྲོག་པའི་ལྷས་ར་གོར་མོ།    ཞིང་བའི་ཁང་ཆུང་གྲུ་བཞི།
ཁ་བའི་གཡང་ནོར་གྱིས་གང་སོང་།  ཁ་བའི་གཡང་འབྲུ་ཡིས་ཕྱུག་སོང་།
ཁ་བའི་གཡང་ནོར་གྱིས་གང་སོང་།  ཁ་བའི་གཡང་འབྲུ་ཡིས་ཕྱུག་སོང་།
ཁ་བ་དཀར་པོ།   འབྲོག་བུ་མོ་དགའ་བའི་མགྲོན་པོ་ཡིན།
ཁ་བ་དཀར་པོ། ཞིང་བསོད་ནམ་འཕེལ་བའི་གཞི་མ་ཡིན།
ཁ་བ་འབྲོག་ལ་བབས་པས།  འབྲོག་པའི་འཚོ་བ་དཀར་དཀར།
ཁ་བ་རོང་ལ་བབབ་པས།  རོང་བའི་སེམས་པ་དཀར་དཀར།
ང་འབྲོག་རུའི་བུ་མོ་ཁ་བར་དགའ།  ང་གངས་རིའི་བདག་མོ་ཁ་བར་དགའ།

16 Apr 2021

Ngudup Dolma 2021 - ལས་ཀྱི་ཁ་དན། | 生命的诺言 欧智卓玛

 དངོས་གྲུབ་སྒྲོལ་མའི་གཞས་གསར། ལས་ཀྱི་ཁ་དན།
欧智卓玛最新歌曲《生命的诺言》




ལས་ཀྱི་ཁ་དན། 

ཚིག གངས་དཔལ། 
དབྱངས། རྟ་མགྲིན་ཚེ་རིང་།
གཞས་མ། དངོས་གྲུབ་སྒྲོལ་མ།

བསྐལ་བ་སྔོན་མ་ཞིག་ལ།
ལས་ཀྱི་རི་མོ་བྲིས་པས། ཐུགས་བསམ་མ་བཞེས་གོང་ལ།
སེམས་དང་བསམ་པ་སྦྲེལ་བྱུང་། སྐྱེ་བ་སྔོན་མའི་ལས་འབྲས།
ད་ཡི་ཚེ་ལ་སྨིན་ན། སྐྱེ་བ་གཞུག་མའི་ལས་ཀྱང་།
ཚེ་མཐའ་སྐྱེལ་རོགས་ཡིན་དགོས།
ཆུང་འདྲིས་སྙིང་གི་ཚི་ལུ། མ་འདྲིས་ཨ་གར་མེ་ཏོག། 
དངུལ་གྱི་རྣ་ལུང་ནང་ནས། གསེར་གྱི་ཉི་མ་འགུལ་བྱུང་།
ཆུང་འདྲིས་སྙིང་ལ་འཁྲུངས་པས། དྲན་ན་མིག་མཐའི་ཆུ་རེད།
མིག་་་་ཆུ་་དྭངས་མོའི་ནང་ནས།
ལྷད་་་མེད་་སྙིང་གཏམ་ཞུས་ཡོང་།

འཇའ་སྤྲིན་སྨུག་ལ་འདྲེས་པ།
གནམ་ས་གཉིས་ཀྱི་འདང་རེད། སྤྲིན་བཟང་དར་གྱི་མདུད་པ།
སྨུག་པ་དྭངས་པའི་མགུར་རེད། ནམ་མཁའ་ཆར་ཆུའི་ངུས་པ།
དོག་མོ་ས་ཡིས་འཐུང་སོང་། གནམ་ས་གའུ་ཁ་སྦྱོར།
ཞེ་འདང་་་་འཇའ་ཡིས་སྦྲེལ་་་་ཡོད།
ཆུང་འདྲིས་སྙིང་གི་ཚི་ལུ། མ་འདྲིས་ཨ་གར་མེ་ཏོག། 
དངུལ་གྱི་རྣ་ལུང་ནང་ནས། གསེར་གྱི་ཉི་མ་འགུལ་བྱུང་།
ཆུང་འདྲིས་སྙིང་ལ་འཁྲུངས་པས། དྲན་ན་མིག་མཐའི་ཆུ་རེད།

15 Apr 2021

Lumo Tso 勒毛措 2021

 གླུ་མ་ཀླུ་མོ་མཚོའི་རྐྱང་གཞས་གསར་པ།༢༠༢༡

勒毛措最新单曲 ''殷盛的梓里'' 2021




ཕ་ས་ཕྱུག་མོ། 
ཚིག  འབྲུག་ལྷ་རྒྱལ།
དབྱངས།རིན་ཆེན་དཔལ་བཟང
གཞས་མ།  ཀླུ་མོ་མཚོ། 

ལྷུན་པོའི་རྩེ་ནས་དད་པའི་བསང་ཞིག་ཕུད་ནས།
རླུང་བུ་ལྷོད་ཀྱིས་རྒྱུ་བའི་ཀློང་ལ་ཞུགས་དུས།
སེམས་ཀྱི་དྲོད་ཤ་སྨུག་པའི་རྒྱུན་དང་འགྲོགས་ནས།
སྤང་གི་མེ་ཏོག་བཞད་པའི་དབུས་ལ་སིམ་སོང
རྟ་ནོར་ལུག་གསུམ་རྩེན་པའི་འབྲོག་ཐང་དེ་ནས།
གཡང་གི་འབྲི་མོ་འཇོ་བའི་བཞོ་དབྱངས་སྙན་མོ།
ཞོགས་པའི་རྩྭ་ཟིལ་འཐོར་བའི་འོད་དུ་གྱུར་ཏེ།
འོ་མའི་རྒྱ་མཚོ་འཁྱིལ་བའི་ཀློང་ལ་འཐིམ་སོང
ཨ།  ང་ཡི་ཕ་ས་ཕྱུག་མོ། འོ་མའི་མེ་ཏོག་དཀར་པོ།

གཙང་པོའི་འགྲམ་ནས་དུང་བའི་མཆོད་ཅིག་འཕངས་ནས།
རླབས་ཀྱི་རྩེ་དགའ་དགོད་པའི་ཀློང་ལ་ཞུགས་དུས།
སྙིང་གི་རློན་ཤ་ཆུ་བོའི་རྒྱུན་དང་འགྲོགས་ནས།
ཞིང་གི་སྙེ་རླབས་དགོད་པའི་ཀློང་ལ་སིམ་སོང
གྲོ་ནས་སྲན་གསུམ་སྨིན་པའི་རོང་ཡུལ་དེ་ནས།
འབྲུ་དྲུག་མཛོད་ལ་བསྡུ་བའི་འབྲེག་དབྱངས་སྙན་མོ།
ཉི་མའི་འོད་ཟེར་འཕྲོས་པའི་མདངས་སུ་གྱུར་ཏེ།
ནས་ཀྱི་རྒྱ་མཚོ་འཁྱིལ་བའི་ཀློང་ལ་ཟེགས་སོང་།
ཨ། ང་ཡི་ཕ་ས་ཕྱུག་མོ། ནས་ཀྱི་མཆོད་རྟེན་སེར་པོ།

4 Apr 2021

Sherten & Machu Choezom 2021 - ༼ བྲོ་ར་ཁྲ་མོ། ༽ 锅庄起舞

 ཤེར་བསྟན་དང་རྨ་ཆུའི་ཆོས་འཛོམས་གཉིས་ཀྱི་གཞས་གསར། 
2021谢旦&玛曲·曲宗最新单曲 ''锅庄起舞''


བྲོ་ར་ཁྲ་མོ། 
གཞས་ཚིག དམངས་ཁྲོད།
གཞས་དབྱངས། དམངས་ཁྲོད།
ལེན་མཁན། ཤེར་བསྟན། ཆོས་འཛོམས།

ཁྱེད་ནི་གངས་སྟོད་མཐོན་པོ་ཡིན་སོང་། མཐོ་ལ་ས་གཅིག་ཡག
ང་ནི་སེང་གེ་དཀར་མོ་ཡིན་སོང་།
བྲོ་ར་བརྡུང་གཅིག་འགྲོ།
བྲོ་ར་ཁྲ་མོ་བཀྲ་ལ་ཤིས་པ་ཤོག
བྲོ་ར་ཁྲ་མོ་གཡང་ལ་ཆགས་པར་ཤོག

ཁྱེད་ནི་བྲག་སྟོད་མཐོན་པོ་ཡིན་སོང་། མཐོ་ལ་ས་གཅིག་ཡག
ང་ནི་ཐང་དཀར་རྒོད་པོ་ཡིན་སོང་།
བྲོ་ར་བརྡུང་གཅིག་འགྲོ།
བྲོ་ར་ཁྲ་མོ་བཀྲ་ལ་ཤིས་པར་ཤོག
བྲོ་ར་ཁྲ་མོ་གཡང་ལ་ཆགས་པར་ཤོག

ཁྱེད་ནི་བྲོ་སྟོད་མཐོན་པོ་ཡིན་སོང་། བྲོ་ལ་ས་གཅིག་ཡག
ང་ནི་བྲོ་བ་ལོ་ཆུང་ཡིན་སོང་།
བྲོ་ར་བརྡུང་གཅིག་འགྲོ།
བྲོ་ར་ཁྲ་མོ་བཀྲ་ལ་ཤིས་པར་ཤོག
བྲོ་ར་ཁྲ་མོ་གཡང་ལ་ཆགས་པར་ཤོག

27 Mar 2021

Sota 2021 - ད་སད་ན་རེད། | 醒来吧 索扎

醒来吧 作词 : 索扎 作曲 : 索扎 歌手:索扎
‎ད་སད་ན་རེད། ཚིག་དང་དབྱངས། བསོད་བཀྲ།
ལེན་མཁན། བསོད་བཀྲ།




ད་སད་ན་རེད།
ཚིག་དང་དབྱངས། བསོད་བཀྲ།
ལེན་མཁན། བསོད་བཀྲ།

ཁྱོ་བཤད་ནི་མེད། ཁྱོ་གཏམ་ནི་མེད།
ཁྱོད་རང་འགོ་རང་རྒྱ་རེད།
ཁྱོ་བཤད་ནི་མེད། ཁྱོ་གཏམ་ནི་མེད།
ཁྱོད་རང་འགོ་རང་རྒྱ་རེད།
ཁྱོ་བཤད་ནི་མེད། ཁྱོ་གཏམ་ནི་མེད།
ཁྱོས་རང་མགོ་རང་གཡོག་རེད།
ད་སད་ན་རེད། ད་སད་ན་རེད།
ཁྱོས་རང་གི་རིན་ཐང་བཙལ་ན་རེད།
ད་སད་ན་རེད། ད་སད་ན་རེད།
ཁྱོས་རང་ཉིད་ངོ་མ་ཤེས་ན་རེད།

ཤ་ཚ་ནི་མེད། རེ་དུངས་ནི་མེད།
ཁྱོད་མི་རྐྱང་རྟ་རྐྱང་རེད།
ཤ་ཚ་ནི་མེད། རེ་དུངས་ནི་མེད།
ཁྱོད་མི་རྐྱང་རྟ་རྐྱང་རེད།
ཤ་ཚ་ནི་མེད། རེ་དུང་ནི་མེད།
ཁྱོད་རླུང་ཁའི་བ་སྤུ་རེད།
ད་སད་ན་རེད། ད་སད་ན་རེད།
ཁྱོས་རང་ལ་སྙིང་སྟོབས་བསྐྱེད་ན་རེད།
ད་སད་ན་རེད། ད་སད་ན་རེད།
ཁྱོས་རིག་པའི་གོ་ཁྲབ་གྱོན་ན་རེད།

ད་སད་ན་རེད། ད་སད་ན་རེད།
ཁྱོས་རང་གི་རིན་ཐང་བཙལ་ན་རེད།
ད་སད་ན་རེད། ད་སད་ན་རེད།
ཁྱོས་རང་ཉིད་ངོ་མ་ཤེས་ན་རེད།
ད་སད་ན་རེད། ད་སད་ན་རེད།
ཁྱོས་རང་ལ་སྙིང་སྟོབས་བསྐྱེད་ན་རེད།
ད་སད་ན་རེད། ད་སད་ན་རེད།
ཁྱོས་རིག་པའི་གོ་ཁྲབ་གྱོན་ན་རེད།

22 Mar 2021

Gangkar Tso 2021 - བབ་མ་ཆགས་པའི་སེམས། | 不安分的心 岗嘎措

岗嘎措《不安分的心》2021 
བབ་མ་ཆགས་པའི་སེམས།
ཚིག་དང་དབྱངས། ཀུན་ལེགས་དབང་མོ།
གཞས་མ། གངས་དཀར་མཚོ།



བབ་མ་ཆགས་པའི་སེམས།
ཚིག་དང་དབྱངས། ཀུན་ལེགས་དབང་མོ།
གཞས་མ། གངས་དཀར་མཚོ།

ཤོར་སོང་ངོ་། ཤོར་སོང་ངོ་།
བུ་མོ་ངའི་གིས་སེམས་འདི་སྨོ།
བུ་ཁྱོད་མཐོང་དུས་བུ་མོ་་ངའི་སེམས་འདི་ཤོར་སོང་ངོ་།
ཁྱོད་ཁ་མཆུ་མེ་ཏོག་པདྨ་མཚུངས་་ན་ལས།
ཨའེ་སྙིང་གཏམ་སྦྲང་རྩི་མཚུངས་པའི་བཤད་པའི་ཚེ།
བབ་མ་ཆགས་མ་བབ་ཆགས་ངེ་གི་སེམས།
ངའི་སེམས་ངེའི་སེམས་བབ་མ་ཆགས།
ཨོ་ཧོ་ཧོ་ཧོ་ཧོ། ཨ་ཧ་ཧ་ཧ། འུ་ཧུ་ཧུ་ཧུ་་་་
ཁྱོད་ལེགས་པའི་མེ་ཏོག་པདྨ།
ཨའེ་མཛེས་ཆ་འགྱུར་བ་མ་གནང་།
རོ་བཅུད་དང་ལྡན་པའི་སྦྲང་རྩི།
ཨའེ་སེར་སྦྲང་གཞན་གྱི་མ་སྤྱོད།
ཨའེ་དམ་ཚིག་སེམས་ཀྱིས་་ནོར་བུ།
ཨོ་ཧོ་ཧོ་ཧོ་ཧོ། སྙིང་གིས་སྟེང་དུ་བཞག་གནང་།

ཤོར་སོང་ངོ་། ཤོར་སོང་ངོ་།
བུ་མོ་ངའི་གིས་སེམས་འདི་སྨོ།
བུ་ཁྱོད་མཐོང་དུས་བུ་མོ་་ངའི་སེམས་འདི་ཤོར་སོང་ངོ་།
ཁྱོད་ཁ་མཆུ་མེ་ཏོག་པདྨ་མཚུངས་་ན་ལས།
ཨའེ་སྙིང་གཏམ་སྦྲང་རྩི་མཚུངས་པའི་བཤད་པའི་ཚེ།
བབ་མ་ཆགས་མ་བབ་ཆགས་ངེ་གི་སེམས།
ངའི་སེམས་ངེའི་སེམས་བབ་མ་ཆགས།
ཨོ་ཧོ་ཧོ་ཧོ་ཧོ། ཨ་ཧ་ཧ་ཧ། འུ་ཧུ་ཧུ་ཧུ་་་་
ངའི་སྙིང་གིས་གྲིབ་་མ་བུ་ཁྱོད།
ཨའེ་ཐུགས་སེམས་གཞན་ལུ་མ་གཡོ།
ནོར་ལོངས་སྤྱོད་འཛོམས་པའི་དགའ་བ།
ཨའེ་ཁྱོད་ཀྱི་དོན་དུ་བཞག་ནས་།
ངའི་སེམས་ཀྱི་འཛམ་གླིང་ནོར་བུ།
ཨོ་ཧོ་ཧོ་ཧོ་ཧོ། བུ་ཆུང་ཁྱོད་ལ་ཕུལ་ཡོད།

14 Mar 2021

Yangchen Lhamo 2021 - ༼ འབྲོག་མོའི་གླུ། ༽ | 珠姆勒 央金拉姆

央金拉姆最新单曲 ''珠姆勒'' 2021  འབྲོག་མོའི་གླུ།  

ཚིག མྱིང་མེད། དབྱངས། རིན་ཆེན་ནོར་བུ། ལེན་མཁན། དབྱངས་ཅན་ལྷ་མོ།




འབྲོག་མོའི་གླུ། 

ཚིག མྱིང་མེད།
དབྱངས། རིན་ཆེན་ནོར་བུ།
ལེན་མཁན། དབྱངས་ཅན་ལྷ་མོ།

ངས་ཕུགས་བསམ་ཕུགས་བསམ་ཟེར་ནས།།
གྲོང་ཆེན་པོ་ཉུལ་ནས་འགྲོ་དུས།།
ངའི་ཕུགས་བསམ་འབྲི་མོའི་བཞོ་དབྱངས།།
སྦྲ་ནག་པོའི་འདབས་ན་ལུས་འདུག།
ངས་འཚོ་བ་འཚོ་བ་ཟེར་ནས།།
རྒྱུ་འབྱོར་བ་དོན་ལ་གཉེར་དུས།།
ངའི་འཚོ་བ་སེར་ཆེན་མེ་ཏོག།
སྤང་ཡངས་པོ་ཞིག་ན་ལུས་འདུག།
ངས་མི་ཚེ་མི་ཚེ་ཟེར་ནས།།
ལོ་ཟླ་བར་ལག་སྙོབ་བྱེད་དུས།།
ངའི་མི་ཚེ་གསེར་གྱི་ཞུན་མ།།
མ་བཟང་མོའི་རུམ་ན་ལུས་འདུག།

ངས་གོམ་གསུམ་ཕར་ལ་སྤོ་དུས།།
ལམ་དོག་མོ་ཐེམ་ས་མ་རེད།།
ཕྱིར་འཁོར་ནས་ཡུལ་ལ་ལྟ་དུས།།
རྫ་ཁྲ་ཁྲ་ཚེར་ཤུལ་ཙམ་རེད།།
ངས་རྫི་གླུ་དབྱངས་སུ་གྱེར་ན།།
ཨ་འབྲོག་མོ་འབྲོག་མོ་ཟེར་གི།
ངས་ལྷས་ར་སྐྱུར་ནས་འགྲོ་དུས།།
ཨ་འབྲོག་མོ་འབྲོག་མོ་གསུངས་གི།
ངས་ལས་དབང་ལས་དབང་ཟེར་ནས།།
དགུང་སྔོན་པོ་ཐོད་ལ་བཀུར་དུས།།
ངའི་ལས་དབང་ཐོད་པའི་ཁ་ཡིག།
སྒྲུང་རིང་མོ་ཞིག་ལས་གསལ་ཡོང་།།


26 Feb 2021

ANU/Kuromi Highland Melody

 Anu Ranglug '' Highland Melody '' 2021

ཚིག ཨ་ནུ་རིང་ལུགས། དབྱངས། ཨ་ནུ་རིང་ལུགས། Kuromi

ལེན་མཁན། ཨ་ནུ་རིང་ལུགས།

作词 : ANU 作曲 : ANU/KUROMI 编曲 : KUROMI



མཐོ་སྒང་གི་melody

ཚིག ཨ་ནུ་རིང་ལུགས། དབྱངས། ཨ་ནུ་རིང་ལུགས། Kromi
ལེན་མཁན། ཨ་ནུ་རིང་ལུགས།

གླུ་གང་ལྟར་ལེན་ལོ།
གླུ་འདི་ལྟར་ལེན།
གླུ་འདིར་ཉན་ནོ། Ye
མཐོ་སྒང་གི melody
to feel the big party
དགའ་བའི་དུས། འཆར་བའི་དུས། 
མཐོ་སྒང་གི melody
ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན།
ཨ་ལ་ལ་མོ་ལེན། ཐ་ལ་ལ་མོ་ལེན། Ye
to feel the big party
ལག་པ་དེ་ཡར་ལ་ཆོག་ཡ།
ང་དང་མཉམ་དུ་ ཤོག་ཡ།
ལག་པ་དེ་ཡར་ལ་ཆོག་ཡ།
One more time. One more time
༡ ༢ ༣ ༤
༡༢༣༤
དུས་དེ་རིང་རེད་ཡ།
བདག་མཉམ་དུ་ཤོག་ཡ།
དེ་ཕར་ལ་གཡུག་ཡ། འེ།
ད་གླུ་གང་ལྟར་ལེན་ལོ།
གླུ་འདི་ལྟར་ལེན་ནོ།
Say yes Say yes Say yes
ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན།
One more time. One more time
ཨ་ལ་ལ་མོ་ལེན། ཐ་ལ་ལ་མོ་ལེན།
དགའ་བའི་དུས། འཆར་བའི་དུས། 
མཐོ་སྒང་གིmelody
ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན།
One more time. One more time
ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན།
One more time. One more time
ཨ་ལ་ལ་མོ་ལེན། ཐ་ལ་ལ་མོ་ལེན། Ye
དགའ་བའི་དུས། འཆར་བའི་དུས། 
མཐོ་སྒང་གིmelody​
ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན།
One more time. One more time
གླུ་གང་ལྟར་ལེན་ལོ།
གླུ་འདི་ལྟར་ལེན།
གླུ་འདིར་ཉན་ནོ། Ye
མཐོ་སྒང་གིmelody
to feel the big party
དགའ་བའི་དུས། འཆར་བའི་དུས། 
མཐོ་སྒང་གིmelody
ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན།
ཨ་ལ་ལ་མོ་ལེན། ཐ་ལ་ལ་མོ་ལེན། Ye
Say yes Say yes Say yes​
ལག་པ་དེ་ཡར་ལ་ཆོག་ཡ།
ང་དང་མཉམ་དུ་ ཤོག་ཡ།
ལག་པ་དེ་ཡར་ལ་ཆོག་ཡ།
One more time. One more time
༡ ༢ ༣ ༤
༡༢༣༤
དུས་དེ་རིང་རེད་ཡ།
བདག་མཉམ་དུ་ཤོག་ཡ།
དེ་ཕར་ལ་གཡུག་ཡ། འེ།
ད་གླུ་གང་ལྟར་ལེན་ལོ།
གླུ་འདི་ལྟར་ལེན་ནོ།
Say yes Say yes Say yes
ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན།
One more time. One more time
ཨ་ལ་ལ་མོ་ལེན། ཐ་ལ་ལ་མོ་ལེན། Ye
དགའ་བའི་དུས། འཆར་བའི་དུས། 
མཐོ་སྒང་གིmelody
ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན།
One more time. One more time
ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན།
One more time. One more time
ཨ་ལ་ལ་མོ་ལེན། ཐ་ལ་ལ་མོ་ལེན།
དགའ་བའི་དུས། འཆར་བའི་དུས། 
མཐོ་སྒང་གིmelody
ཨ་ལ་ལ་མོ་ལེན། གླུ་ཐ་ལ་ལ་མོ་ལེན།


14 Feb 2021

Payul Tashi 2021 - ༼ པོ་ཏ་ལ་ ༽ | 布达拉 白玉扎西

‎ཚིག་དང་དབྱངས དམངས་ཁྲོད ལེན་མཁན། དཔལ་ཡུལ་བཀྲ་ཤིས།
藏族歌手白玉扎西的新歌 ''布达拉'' 2021


12 Feb 2021

Tsewang Lhamo 2021 - ཨ་མའི་གསེར་འཁོར། | 阿妈的金轮 泽旺拉姆

༢༠༢༡ལོའི་ཚེ་དབང་ལྷ་མོའི་གཞས་གསར།༼ཨ་མའི་གསེར་འཁོར།༽
泽旺拉姆最新单曲~阿妈的金轮 2021



༼ ཨ་མའི་གསེར་འཁོར། ༽ 
གཞས་ཚིག    གཙང་སྦྲང་ཆར།
གཞས་གདངས།   ཚེ་རིང་དོན་གྲུབ།
གཞས་མ།   ཚེ་དབང་ལྷ་མོ།



ས་ཆེན་པོའི་ཁྱོན་ན་ཁྱབ་པའི་བརྩེ་བ།
གནམ་སྔོན་པོའི་འོག་ན་རྒྱུ་བའི་དུངས་བ།
ང་ཡི་རྣམ་ཤེས་ཐོགས་པའི་ཚེ་སྲོག་གི་མངའ་བདག
བྱམས་ལྡན་གྱི་མ། བཀའ་དྲིན་ཅན། 
འོ་ཧོ་་་ང་རང་་་ཁྱེད་ལ་་་དགའ། ང་་་ཁྱེད་ལ་དགའ།

ཆོས་ཀྱི་སྙིང་པོ། ནམ་ཡང་སེམས་སུ་བསྒོམ།
གསེར་གྱི་འཁོར་ལོ། མ་ཎིའི་ཕྲེང་བ། ཨ་མའི་རྒྱན་ཆ། 
ང་ཚོའི་བསོད་ནམས་ཡིན།

དུས་གསུམ་གྱི་ཀློང་ན་དྲན་གདུང་ལྗི་བ།
ཚེ་གཅིག་ཏུ་དྲིན་ལན་འཇལ་ཐབས་དཀའ་བ། 
ང་རང་འཛུམ་གྱིས་སྐྱོང་བའི་ཡིད་ཀྱི་འཁྲི་ཤིང༏
བྱམས་ལྡན་གྱི་མ། བཀའ་དྲིན་ཅན།   
འོ་ཧོ་་་་་་ང་་་ཁྱེད་ལ་་་དགའ། ང་་་ཁྱེད་ལ་དགའ།
ཆོས་ཀྱི་སྙིང་པོ། ནམ་ཡང་སེམས་སུ་བསྒོམ།
གསེར་གྱི་འཁོར་ལོ། མ་ཎིའི་ཕྲེང་བ། ཨ་མའི་རྒྱན་ཆ།
ང་ཚོའི་བསོད་ནམས་ཡིན།

དཀའ་སྡུག་གི་ལམ་ལ་འཇིགས་སྔངས་མེད་པ།
བྱམས་བརྩེའི་རང་གཤིས་ལ་འགྱུར་བག་བྲལ་བ།
ང་ལ་མི་ཚུགས་གཙང་མའི་ཁ་ཕྱོགས་སྟོན་མཁན།
བྱམས་ལྡན་གྱི་མ། བཀའ་དྲིན་ཅན།  
འོ་ཧོ་་་་་ང་་་ཁྱེད་ལ་་་དགའ། ང་་་ཁྱེད་ལ་དགའ།
ཆོས་ཀྱི་སྙིང་པོ།ནམ་ཡང་སེམས་སུ་བསྒོམ། 
གསེར་གྱི་འཁོར་ལོ། མ་ཎིའི་ཕྲེང་བ། ཨ་མའི་རྒྱན་ཆ།
ང་ཚོའི་བསོད་ནམས་ཡིན།

2021 Tashi Phuntso & Alan Dawa Dolma

2021 Tashi Phuntso and Alan Dawa Dolma 
ཨ་ལན་ཟླ་བ་སྒྲོལ་མ། བཀྲིས་ཕུན་ཚོགས།
藏族歌手阿兰达瓦卓玛和扎西平措


11 Feb 2021

Hainan Tibetan Losar 2021 རྟེན་འབྲེལ་གཡང་གི་དགྱེས་མཆོད། | 2021年海南州藏历晚会

 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།  

བོད་རབ་གནས་ལྕག་གླང་ལོའི་ཨ་མདོ་ལོ་གསར་དགོང་འཚོགས།

2021藏历金牛新年海南藏族自治州文艺晚会



10 Feb 2021

Tibetan Losar 2021 - | 嘉黎县和聂荣县藏历铁牛新年

‎གཉན་རོང་རྫོང་དང་ལྷ་རི་རྫོང་གི་༢༠༢༡ལོའི་བོད་ལྕགས་གླང་ལོའི་ལོ་གསར་དགོང་ཚོགས།
2021嘉黎县和聂荣县藏历铁牛新年修改后







9 Feb 2021

Gaybay 2021 - ‎སྲིད་པའི་རྨི་ལམ། | 世间梦 格白

གླུ་བ་དགེ་བྷེ་ཡི་གཞས་གསར།༼སྲིད་པའི་རྨི་ལམ།༽ 
 2021格白最新单曲《世间梦》

སྲིད་པའི་རྨི་ལམ།

ཚིག   བེ་དུང་།

དབྱངས།   པདྨ།

གཞས་པ།  དགེ་བྷེ།


མི་ཚེའི་རྨི་ལམ་ནང་ལ།། 

བདེ་སྡུག་དཀར་ནག་འཁོར་རེད།།

ཉི་མའི་དྲོ་འཁྱག་བར་གྱི།།

འུ་ཚོ་སྐད་ཅིག་མགྲོན་ཡིན།།

ཕར་ལ་གྱེས་བྲལ་མ་གནང་།།

ཚུར་ལ་མཐུན་ཁོམ་མེད་རེད།

ཨ་གསར་བརྗེ་རེས་མི་དགོས།།

ཤ་འཁོན་མེད་ན་དེས་ཆོག།  


འཁོར་བའི་སྒོ་ཆེན་སྟེང་ལ།།

སྐྱིད་སྡུག་ཁངས་ཆར་འབབ་རེད།།

འདུ་བྲལ་སྒྱུ་མའི་གྲོང་གི།། 

འུ་ཚོ་འཇིག་རྟེན་མགྲོན་ཡིན།།

སེམས་ལ་ནག་ཐིག་མ་བཟོ།།   

འགལ་འདུའི་སྐད་ཆ་མ་གླེང་།།

ཚིག་གིས་མི་སེམས་མ་གསོད།།

ཕྲག་དོག་མེད་ན་དེས་ཆོག།


མི་ཁའི་རླུང་ཆེན་ནང་ལ།།

བདེན་རྫུན་ཤིང་ལོ་འཐོར་རེད།།

མངར་སྐྱུར་འཚོ་གཞིས་གནང་བའི།།

འུ་ཚོ་ཐེངས་གཅིག་མགྲོན་ཡིན།།

ལྐོག་ནས་བླ་བཙག་མ་བྱེད།།

ཁ་ངོ་སེམས་ངོ་འཕྲོད་ཉིན།།

བཅོས་མའི་འཛུམ་མདངས་མི་དགོས།།  

སྡང་སེམས་མེད་ན་དེས་ཆོག   


འདོད་པའི་མེ་ལྕེའི་ནང་དུ།།

རྒྱལ་ཕམ་རེས་སུ་འཁོར་རེད།།

ངོ་གདོང་འགྱུར་ལྡོག་ཆེ་བའི།།

འུ་ཚོ་ཐེངས་གཅིག་མགྲོན་ཡིན།།

སྡུག་ལ་སྐྱོར་མ་མེད་ཀྱང་།།

སྐྱིད་ལ་དོ་ཡ་གནང་དགོས།།

བསླུ་བྲིད་འཁོར་ལོའི་བར་ནས།།

བརྩེ་བ་མ་འགྱུར་དེས་ཆོག།


མི་ཡུལ་སྐྱེ་འཆིའི་ཁྲོད་དུ།།

ལང་ཚོའི་རི་མོ་རྒས་རེད།།

མི་རྟག་སྲིད་པའི་གྲོང་ནས།།

འུ་ཚོ་ཐེངས་གཅིག་མགྲོན་ཡིན།།

ནོམ་པས་མི་སེམས་མ་བསླུ།།

ཚུལ་འཆོས་གར་ལ་མ་རོལ།།

ཁ་དཀར་ཁོག་ནག་མི་དགོས།།

དཔུང་རྡང་མ་འཐོར་དེས་ཆོག།