Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

1 Jan 2021

Sherten & Dharkyi 2020 - འབྲོག་སྡེ་ཁྲ་མོའི་བརྩེ་གཞས། |牧野情歌 谢旦&巴赞达吉

 ཤེར་བསྟན་དང་འབའ་རྩ་དར་སྐྱིད་གཉིས་ཀྱི་གཞས་གསར།

2021谢旦&巴赞达吉新歌《牧野情歌》




འབྲོག་སྡེ་ཁྲ་མོའི་བརྩེ་གཞས།

ཚིག  གངས་རྒྱུད་ཐུབ་བསྟན་བཀྲ་ཤིས། 
དབྱངས། སྐར་མ།
ལེན་མཁན། ཤེར་བསྟན། དར་སྐྱིད། 

འབྲོག་སྡེ་ཁྲ་མོ་གླིང་གི།
རི་སིལ་འདྲ་བའི་བུ་མོ།།
མ་མཐུན་ལས་ཀྱི་ལན་པ།། 
མཐུན་ན་ཁ་ཞེ་གཉིས་མེད།།

གཞོན་ཆུང་སྣང་བའི་རྩེད་བྲོ།།  
རྨི་ལམ་ཐང་ནས་བརྒྱབ་དུས།།
ལས་དབང་གསེར་གྱི་ཞགས་ཐག།
འཐེན་ས་གཞོན་པ་ཁྱེད་ཡིན།།

དྲན་པའི་སྨུག་པ་དྭངས་དྭངས།།   
སྣང་བའི་འཇའ་རིས་ཤིགས་ཤིག  
གཞོན་ཆུང་འདུན་མའི་རྩེ་རུ།། 
རང་དབང་ཉི་མ་ཤར་ཤར།།
གཞོན་ཆུང་འདུན་མའི་རྩེ་རུ།།    
རང་དབང་ཉི་མ་ཤར་ཤར།།

ལས་འབྲས་ཤོག་དཀར་ངོས་ལ།།
དམ་བཅའི་རི་མོ་བྲིས་ན།།
མཛའ་གཅུགས་བློ་ཡི་གཤོག་པ།།
བསྐལ་བའི་ཕ་མཐར་བསྐྱངས་ཆོག།

ཁྱིམ་གཅིག་གཡང་ལ་འཛོམས་པའི།།
གཡང་གི་བདག་པོ་ཆ་གཅིག།
སྐྱིད་སྣང་གླུ་རུ་དྲངས་ན།།
སྐར་མའི་སྐྱོ་སྣང་ཡལ་འགྲོ།
ཟུར་མིག་སྐར་མདའ་ཆེམས་ཆེམ།།
འཛུམ་པའི་སོ་ཕྲེང་མཛེས་མཛེས།།
འབྲོག་སྡེ་ཁྲ་མོའི་ཤོད་དུ།།
བདེ་སྐྱིད་མཚོ་མོ་འཁྱིལ་འཁྱིལ།།

No comments: