༢༠༢༡ལོའི་འོད་མཚོ་མའི་གཞས་གསར། ''དགའ་ཤོག་སྐྱིད་ཤོག''
奥措玛最新歌曲《HAPPY》
དགའ་ཤོག་སྐྱིད་ཤོག
ཚིག རྟ་མགྲིན་དབང་རྒྱལ།
དབྱངས། རྟ་མགྲིན་དབང་རྒྱལ།
གཞས་མ། འོད་མཚོ་མ།
དེ་རིང་བཀྲ་ཤིས་ཉི་མ་ལ།
དེ་རིང་དོན་འགྲུབ་པའི་ཉི་མ།
ཁ་བཏགས་དཀར་པོ་ཞིག་གི་ཚབ་ཏུ་ལེན།
དེ་རིང་སྐྱིད་པའི་གླུ་ཞིག་ལེན།
དེ་རིང་དགའ་བའི་བྲོ་ཞིག་འཁྲབ།
འདི་དག་ཚང་མ་ཁྱེད་ཀྱི་ལེགས་སྐྱེས་ཡིན།
དེ་རིང་སྐྱིད་ཤོག དེ་རིང་དགའ་ཤོག
ཚེ་རིང་ལོ་བརྒྱ། ཅི་བསམ་དོན་འགྲུབ།
བཀྲ་ཤིས་ཉི་མ་མཁའ་ནས་ཤར།
དོན་འགྲུབ་ཟླ་བ་དགུང་ནས་འཛུམ།
ཁ་བཏགས་དཀར་པོ་བཏེགས་ནས་གླུ་ཞིག་ལེན།
སྐྱིད་པའི་གླུ་འདི་མཉམ་དུ་ལེན།
དགའ་བའི་བྲོ་འདི་མཉམ་དུ་འཁྲབ།
འུ་ཅག་ཚང་མ་སྐྱིད་པའི་སྐྱེས་སུ་འབུལ།
ཁྱོད་རང་སྐྱིད་ཤོག ཁྱོད་རང་སྤྲོ་ཤོག
འདི་ཡི་ཕན་ནས། ཅི་ཡང་མི་དགོས།
ཁོ་རང་སྐྱིད་ཤོག ཁོ་མོ་སྤྲོ་ཤོག
འདི་ཡི་ཕན་ནས། ཅི་ཡང་མི་དགོས།
No comments:
Post a Comment