Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

9 Jun 2020

Bhumtso Kyi 本措吉 2020 - 光 Light

本措吉最新单曲《光》2020
Bhutanese folk song
གཞས་མ་འབུམ་མཚོ་སྐྱིད་ཀྱི་རྐྱང་གཞས་གསར་པ། ༼འོད།༽
ཚིག བོང་སྟག་བདུད་འདུལ་སྐྱབས། དབྱངས། གྲུ་བ་བསམ་འགྲུབ།



འོད། 

ཚིག བོང་སྟག་བདུད་འདུལ་སྐྱབས།
དབྱངས། གྲུ་བ་བསམ་འགྲུབ།
གཞས་མ། འབུམ་མཚོ་སྐྱིད།


མི་ལ་སེམས་ཡོད། སེམས་ལ་འོད་ཡོད། འོད་དེ་ལ་སྣང་བ་རྒྱས་གྱུར་ན།
སྨག་མུན་པ་མཐའ་ནས་སངས་པ་འདྲ། གངས་དཀར་པོར་ཉི་མ་ཤར་བ་འདྲ།
ཐབས་ཤེས་རབས་གཉིས་ཀ་རང་འཛོམས་ཡིན། བྱམས་སྙིང་རྗེ་རྒྱུད་ལ་རང་སྐྱེས་ཡིན།
འོད་དེ་ནི་ང་ལ་ཡོད། འོད་དེ་ནི་ཁྱོད་ལ་ཡོད། འོད་དེ་ནི་ང་ཚོ་ཚང་མར་ཡོད།
ལུས་ཀྱི་སྡིག་སྒྲུབ་དག་ན། ངག་གི་མི་དགེ་སྤངས་ན། ཡིད་ཀྱི་སྨོན་ལམ་གསལ་ན།
འོད་ཀྱི་ཟེར་མ་རེ་རེ། བརྩེ་བའི་དྲོད་ཐིག་ཡིན་ནོ།


མི་ལ་སེམས་ཡོད། སེམས་ལ་འོད་ཡོད། འོད་དེ་ཉིད་སེམས་ནས་གསལ་གྱུར་ན།
ལྷ་ཡེ་ཤེས་ཆེན་པོ་བྱོན་པ་འདྲ། ཐུགས་ཀུན་གསལ་ནམ་མཁའ་ཡངས་པོ་འདྲ།
སེམས་དད་པའི་ཡིད་ཆེས་རྩེ་གཅིག་ཡིན། མ་སེམས་ཅན་སེམས་ལ་རང་སྒོམ་ཡིན།
འོད་དེ་ནི་ང་ལ་ཡོད། འོད་དེ་ནི་ཁྱོད་ལ་ཡོད།འོད་དེ་ནི་ང་ཚོ་ཚང་མར་ཡོད།
ལུས་ལ་སྡིག་པ་མེད་ན། ངག་ལ་ཅ་ཅོ་མེད་ན། ཡིད་ལ་ཐེ་ཚོམ་མེད་ན།
འོད་ཀྱི་ཟེར་མ་རེ་རེ། སྙིང་རྗེའི་ས་བོན་ཡིན་ནོ

No comments: