Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

6 May 2020

Namkha Tso ནམ་མཁའ་མཚོ། 兰卡措 2020

藏族女歌手兰卡措全新单曲首发
སེམས་གཏམ་དམར་པོ།
ཚིག དགེ་མདའ་སྤྲུལ་ཚུལ་ཁྲིམས་རྡོ་རྗེ།
དབྱངས། ཀུན་དགའ་ཆོས་ཉིད།
གཞས་མ། ནམས་མཁའ་མཚོ།

སེམས་གཏམ་དམར་པོ།
ཚིག དགེ་མདའ་སྤྲུལ་ཚུལ་ཁྲིམས་རྡོ་རྗེ།
དབྱངས། ཀུན་དགའ་ཆོས་ཉིད།
གཞས་མ། ནམས་མཁའ་མཚོ།

སྤྲེལ་སྲིན་རྒྱུད་ལས་ཆད་ཅིང་། ཕུགས་འདུན་གཅིག་པའི་སྤུན་ཟླ།
སེམས་གཏམ་དམར་པོའི་མཆོད་ཆང་། ལྷད་མེད་ཁྱེད་ལ་འབུལ་ལོ།
མཐུན་སྒྲིལ་དར་དཀར་མདུད་པ། ནམ་ཡང་ལྷོད་ཀྱི་མ་འདུག
མགོ་ནག་བོད་པ་ཟེར་བ། རྒྱུ་འབྲས་བརྩི་བའི་རིགས་ཡིན།
ནང་དམེ་ནང་འཁྲུག་བྱེད་ན། མེས་པོས་དབྱིངས་ནས་ཁྲེལ་ཡོང་།
སྙིང་གཅེས་གྲོགས་ཀྱི་དྭངས་མ། མདུན་ལམ་ནོར་གྱི་མ་འདུག

སྙིང་གཅེས་གྲོགས་ཀྱི་དྭངས་མ། མདུན་ལམ་ནོར་གྱི་མ་འདུག
སྐྱིད་ན་འཚོ་བ་མཉམ་རོལ། སྡུག་ན་མིག་ཆུ་མཉམ་གཏོང་།
སེམས་དང་སེམས་པའི་བར་ལ། དུང་བའི་རི་མོ་དོད་ཡོད།
ཁ་ཡིད་གཙང་མའི་རེ་འབོད།  སེམས་ནས་བརྗེད་ཀྱི་མ་འདུག

No comments: