ཞེ་འདང་གཙང་མ།
ཚིག སེར་ཤུལ་རབ་གསལ། དབྱངས། ཁམས་པ་ཤེས་རབ།
ལེན་མཁན། བསོད་ནམས་ཆོས་སྒྲོན།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
ཆུང་བྱམས་པ་ཟེར་ན་མེ་ཏོག་ཡིན། སྟོན་རྫ་ལུང་ནང་གི་སེར་ཆེན་ཡིན།
སྡེ་ཁྲ་བོའི་མིག་ལ་མཛེས་ན་ཡང་། སྡེ་ཁྲ་བོའི་ལག་པ་ཁས་མྱོང་མེད།
སྡེ་ཁྲ་བོའི་མིག་ལ་མཛེས་ན་ཡང་། སྡེ་ཁྲ་བོའི་ལག་པ་ཁས་མྱོང་མེད།
ཆུང་བྱམས་པ་ཟེར་ན་གསེར་ཉ་ཡིན། དབྱར་མཚོ་ཆེན་དཀྱིལ་ན་འཁྱུག་བཞིན་ཡོད།
ངའི་བརྩེ་བ་དྭངས་གཙང་མཚོ་མོ་ཡིན། ཆུང་གསེར་ཉ་ངེད་གཉིས་ལས་ཤིག་ཡིན།
ངའི་བརྩེ་བ་དྭངས་གཙང་མཚོ་མོ་ཡིན། ཆུང་གསེར་ཉ་ངེད་གཉིས་ལས་ཤིག་ཡིན།
ཆུང་བྱམས་པ་ཟེར་ན་འདང་ཞིག་ཡིན། འདང་བརྩེ་བ་ཕར་བཞག་ཚུར་བཞག་ཡིན།
ལས་སྐྱིད་སྡུག་གཉིས་ཀྱི་སོ་མཚམས་ན། ཆུང་བྱམས་པ་ངེད་གཉིས་འཚོ་བཞིན་ཡོད།
ལས་སྐྱིད་སྡུག་གཉིས་ཀྱི་སོ་མཚམས་ན། ཆུང་བྱམས་པ་ངེད་གཉིས་འཚོ་བཞིན་ཡོད།
ཆུང་བྱམས་པ་ཟེར་ན་སེམས་ཤིག་ཡིན། བློ་གཏད་ས་ཅན་གྱི་སེམས་དེ་ཡིན།
ཤི་སྔ་ཕྱི་ཡོད་ན་ལས་དབང་ཡིན། སེམས་བརྩེ་བ་མི་འགྱུར་ཁོ་ཐག་ཡིན།
ཤི་སྔ་ཕྱི་ཡོད་ན་ལས་དབང་ཡིན། སེམས་བརྩེ་བ་མི་འགྱུར་ཁོ་ཐག་ཡིན།
No comments:
Post a Comment