ཚིག དུང དབྱངས གཡུ་འབྲུག་ཚན་སྡེབ།
ལེན་མཁན། གཡུ་འབྲུག་ཚན་སྡེབ།
ས་ཡི་ཆུ་མིག་བརྡོལ་བའི་རྩི་བཅུད།
ཨེ་ཤ་ཡའི་སྙིང་དབུས་ནས་འཁྱུག་པའི་གཡུ་འབྲུག་ཚང་ཉལ།
མི་ལོ་སྟོང་ཕྲག་དུ་མར།
ཆུ་སྣ་ཁྲི་འབུམ་གྱི་སྙིང་བཅུད་གོང་བུ་གཅིག་ལ་སྒྲིལ་གྱིན་དུ་ཡོང་།
དཀའ་སྥྱད་རྔུལ་ཆུའི་ཟེགས་མ་ཕྱོགས་སུ་གཏོར་བཞིན།
ནམ་ཡང་མདུན་སྐྱོད་ཀྱི་གོམ་མཚམས་མ་བཞག།
ལང་ཚོ་ཡིགར་སྟབས་ཤར་ནས་ཤར་ལ་བསྒྱུར་ཏེ།
ཡ་གླིང་གི་ཤེས་རིག་བསྐྱེད་པའི་གཙང་པོ་སྟེ་མ་ཡུམ་ཁྱོད་ཡོན།
རྨ་ཆུ་ཡ། རྨ་ཆུ། ང་ཡི་ཆུ་བོ། ང་ཡི་ཁྲག་རྒྱུན།
འཇའ་ཚོན་རིས་སུ་པཀྲ་བའི་མེ་ཏོག།
ས་སྒང་གི་དཀྱིལ་དབུས་ན་འཚེར་བའི་སྐར་མ་འོད་ཆེན།
མི་ལོ་སྟོང་ཕྲག་དུ་མར།
ནམ་ཡང་ཕུགས་བསམ་གྱི་དད་འདུན་མ་བོར།
བརྩེ་བའི་རི་མོ་མི་སེམས་ཀྱི་ཟབ་སར་བྲིས་དེ།
རྨ་ཆུ་ཡ། རྨ་ཆུ། ང་ཡི་ཕ་ས། ང་ཡི་འབྲོག་སྡེ།
No comments:
Post a Comment