Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

28 Feb 2020

Phurbu T Namgyal ཕུར་བུ་རྣམ་རྒྱལ། 普布朗杰 2020

普布朗杰新MV歌曲“”今天的爱“” 2020
Phurbu T Namgyal new mv song  ''Today's Love'' 2020
Music: Alfa Studio (Nepal)
Video: Tenzin Woebhum (Minnesota)
 དེང་སང་གི་བརྩེ་དུང་། ལེན་མཁན།  ཕུར་བུ་ཚེ་རིང་རྣམ་རྒྱལ།





དེང་སང་གི་བརྩེ་དུང་།

༡༽ཁ་སང་ང་ལ་བརྩེ་བ་ཡོད་གསུངས་བྱུང་།
ཞོགས་གེ་ང་ལ་དགོང་མོར་མཇལ་ཡོང་གསུངས་བྱུང་།
ཉིན་མོ་འོད་ཟེར་སྒམ་ཆུང་ཟ་ཁང་ནང་ལ།
མོ་ལ་དགའ་རོགས་གསར་པ་ཡོད་པ་ཐོས་བྱུང་།
འོ་འོ་འོ་འོ།
དེང་སང་གི་བརྩེ་དུང་དེ་འདྲ་རེད། ཁེ་སང་ཡོད་པའི་བརྩེ་བ།
དེ་རིང་ཡོད་མེད་ཤེས་མི་ཐུབ།

སེམས་སྐྱོ་བའི་དུས་ལ། སྣང་བ་སྐྱིད་པའི་གླུ་ཞིག་ལེན།
སྐྱིད་པོ་རང་གིས་མ་བཏང་ན།
སྡུག་པོ་མི་ཡིས་གཏན་གཏན་བཏང་ཡོང་ངོ་། 

འོ་འོ་འོ་འོ། འོ་འོ་འོ་འོ།

༢ ཁ་སང་ང་ལ་དགའ་རོགས་ཡོད་གསུངས་བྱུང་།
དེ་རིང་ཉིན་གང་ཁོང་ལ་ཁ་པར་བཏང་ཡིན།
དོ་དགོང་ང་ཡི་ལག་ཐོག་ཁ་པར་ནང་ལ།
ཁུ་སིམ་སིམ་སང་ཉིན་མཇལ་ཡོང་གསུངས་འདུག

འོ་འོ་འོ་འོ།
དེང་སང་གི་བརྩེ་དུང་དེ་འདྲ་རེད། ཁེ་སང་ཡོད་པའི་བརྩེ་བ།
དེ་རིང་ཡོད་མེད་ཤེས་མི་ཐུབ།

སེམས་སྐྱོ་བའི་དུས་ལ། སྣང་བ་སྐྱིད་པའི་གླུ་ཞིག་ལེན།
སྐྱིད་པོ་རང་གིས་མ་བཏང་ན།
སྡུག་པོ་མི་ཡིས་གཏན་གཏན་བཏང་ཡོང་ངོ་།


No comments: