Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

21 Dec 2019

Norbu Samdup 罗布桑珠 2019

怦然心动 - 罗布桑珠 2019  
ནོར་བུ་བསམ་གྲུབ་ཀྱི་གླུ་གཞས་གསར་པ་༼སེམས་ཀྱི་ལྷ་མོ།༽




‎༼ སེམས་ཀྱི་ལྷ་མོ། ༽
ཚིག་དང་གདངས་ལེན་མཁན། ནོར་བུ་བསམ་གྲུབ།

ཁྱེད་མཛེས་ལྡན་ལྷ་མོ་ནང་བཞིན་ང་ཡི་འཚོ་བར་སླེབས།
དེ་ནས་ངའི་སྙིང་ཁར་ཁྱེད་ཀྱི་མདའ་དེ་ཕོག་པ་འདྲ།
ཁྱེད་དྭངས་གཙང་ཆུ་མོ་བཞིན་དུ་ང་ཡི་ཡིད་སེམས་དེར།
དྭངས་གཙང་གི་ལྷད་མེད་བརྩེ་བ་ཁྱེད་ལ་བཅངས།
ས་ཐག་བྲལ་ཀྱང་བུ་ངའི་སེམས་ཀྱི་གཏིང་ལ་ཡོད་བུ་མོ།
སེམས་ཀྱི་མེ་ཏོག་ཁྱེད་ཀྱི་ཕྱོགས་ལ་བཞད།
འོན་ཀྱང་དྲག་ཆར་རླུང་ཚུབ་གང་ཡང་ལྷད་མེད་ཀྱི་བརྩེ་བ་དེ།
དུས་ནམ་ཡང་བུ་ངའི་སེམས་པའི་ནང་དུ་དྲོ། སེམས་ཀྱི་ལྷ་མོ།
ཁྱེད་ང་ཡི་ཕྱོགས་ལ་གཅིག་གཟིགས་དང༏
བུ་ངའི་འཛུམ་མདངས་ཁྱེད་ཀྱི་ཆེད་དུ་ཤོར། སེམས་ཀྱི་ལྷ་མོ།
ཁྱེད་ང་ཡི་ཕྱོགས་ལ་གཅིག་གསན་དང་།
མཛེས་པའི་གླུ་གཞས་འདི་ཁྱེད་ཀྱི་ཆེད་དུ་བྲིས། ང་ཡི་སེམས་ཀྱི་ལྷ་མོ།
མཛེས་ལྡན་ལྷ་མོ་འཚོ་བར་སླེབས་བྱུང་།
ང་ཡི་སྙིང་ཁར་མདའ་དེ་ཕོག་བྱུང་།
དྭངས་གཙང་ཆུ་མོ་ལྷད་མེད་བརྩེ་སེམས།
སེམས་ཀྱི་ལྷ་མོ་ཁྱེད་ལ་ཕུལ་ཡོད།
དྲག་ཆར་དང་རླུང་ཚུབ་ཡོད་ཀྱང་བུ་ངའི་སེམས་ནང་ནམ་ཡང་དྲོ་བྱུང་།
མཛེས་པའི་གླུ་གཞས་ཁྱེད་ཀྱི་ཕྱོགས་སུ་འཕུལ།
ཁྱེད་མཛེས་ལྡན་ལྷ་མོ་ནང་བཞིན་ང་ཡི་འཚོ་བར་སླེབས།
དེ་ནས་ངའི་སྙིང་ཁར་ཁྱེད་ཀྱི་རྨ་དེ་བཟོས།
སྤོབས་སེམས་དང་གཟི་བརྗིད་རང་ཤེད་གང་ཡང་མ་བསྡད་པར།
དྭངས་གཙང་གི་ལྷད་མེད་བརྩེ་བ་ཁྱེད་ལ་བཅངས།
དབྱར་དགུན་སྟོན་དཔྱིད་གྲངས་མང་ཕྱིན་སོང་སེམས་ལ་ཡོད་བུ་མོ།
གནང་བའི་རྨ་ཁ་འདི་བུ་ངའི་སེམས་ནང་སྦས།
འོན་ཀྱང་འགྱོད་སེམས་དང་བློ་ཕམ་ལ་སོགས་སྤུ་ཙམ་ཡང་མེད་པས།
ཁྱེད་ཀྱི་འཛུམ་མདངས་དེ་བུ་ངའི་སེམས་ནང་དྲོ།
སེམས་ཀྱི་ལྷ་མོ། ཁྱེད་ཚེ་འདིར་འཕྲད་པར་ཐུགས་རྗེ་ཞུ།
སྐྱིད་སྡུག་མཉམ་མྱོང་དེ་ནས་ཚེ་སྔོན་གསག་པའི་ལས། སེམས་ཀྱི་ལྷ་མོ།
ཁྱེད་མཆི་མ་ལྷུང་ཁྱེད་མཆི་མ་ལྷུང་བ་མ་གནང་དང་།
ཚེ་འདིར་བསྟན་གྲོགས་ཁྱེད་ཡིན་ན་བུ་ངའི་རེ་བ་ཡིན།
སེམས་ཀྱི་ལྷ་མོ། ཁྱེད་ང་ཡི་ཕྱོགས་ལ་གཅིག་གཟིགས་དང་།
བུ་ངའི་འཛུམ་མདངས་ཁྱེད་ཀྱི་ཆེད་དུ་ཤོར།
སེམས་ཀྱི་ལྷ་མོ། ཁྱེད་ང་ཡི་ཕྱོགས་ལ་གཅིག་གསན་དང་།
མཛེས་པའི་གླུ་གཞས་འདི་ཁྱེད་ཀྱི་ཆེད་དུ་བྲིས།
ང་ཡི་སེམས་ཀྱི་ལྷ་མོ།

No comments: