ཚེ་རིང་དབང་མོའི་༢༠༡༩ལོའི་རྐྱང་གཞས་གསར་བ། འཛོམས་པ་ལས་ཀྱི་སྐལ་བ།
才让旺姆2019年新单曲《相聚就是缘分》
Tserang Wangmo's new song '' Gathering is the fate ''
འཛོམས་པ་ལས་ཀྱི་སྐལ་བ།
ཚིག་རྩོམ་མཁན། ལྡོང་རུ་རྨུ་ཐག དབྱངས་རྩོམ་མཁན།
དབྱངས་བཞི་པདྨ་ཚེ་བརྟན།
ལེན་མཁན། ཚེ་རིང་དབང་མོ།
དབྱངས་བཞི་པདྨ་ཚེ་བརྟན།
ལེན་མཁན། ཚེ་རིང་དབང་མོ།
དེ་རིང་ང་ཚོ་འཛོམས་འཛོམས། གཡང་ཁྱིམ་གཅིག་ལ་འཛོམས་ཡོད།།
ཐུགས་ལ་བྱམས་སེམས་མངའ་བའི། ཕ་མ་འཛོམས་པས་དགའ་ཡོད།།
བློ་རིག་མེ་ཏོག་བཞད་པའི། བུ་ཕྲུག་འཛོམས་པས་སྐྱིད་ཡོད།།
རྩལ་དྲུག་ལང་ཚོ་རྫོགས་པའི། ཕུ་ནུ་འཛོམས་པས་སྤྲོ་ཡོད།།
བརྩེ་བའི་ཕ་མ། གཅེས་པའི་བུ་ཕྲུག འོ། ཕུ་ནུ་མིང་སྲིང༏
ནང་མི་ལྷན་དུ་འཛོམས་པས། སྐྱིད་ལ་ཉི་མ་ཤར་ཡོད།།

འཛོམས་པའི་དུས་སྐབས་འདི་ལ། གཞིས་བྱེས་ལྷན་འཛོམས་ཡོང་བའི།།
སྨོན་འདུན་སེམས་ཀྱིས་ཞུའོ། གཞིས་བྱེས་ལྷན་འཛོམས།
ལྷན་འཛོམས་ཡོང་བའི། སྨོན་འདུན་ཞུའོ།།
འཇིག་རྟེན་མི་ཡུལ་ཁམས་རེད།།

འཛོམས་པ་ལས་ཀྱི་སྐལ་རེད། དེ་རིང་ང་ཚོ་འཛོམས་པ།།
ལས་དང་སྐལ་བས་གནང་ཡོད། མི་ཡུལ་གླུ་གར་ཞིང་རེད།།
བུ་མོའི་ཕུགས་འདུན་གླུ་ཡིན། དེ་རིང་མི་ཡུལ་ཁམས་ལ།།
རེ་བའི་གླུ་ཞིག་ལེན་འགྲོ།།
འཇིག་རྟེན་མི་ཡུལ། མི་ཡུལ་ཁམས་ཀྱི།
འོ། འགྲོ་བ་མི་ལགས།
འཆམ་མཐུན་ལག་རྡང་སྦྲེལ་ནས།།
ལས་འབྲས་མིག་བཞིན་སྲུང་དགོས།།
འཛམ་གླིང་ཡུལ་གྲུ་ཀུན་ལ།།
འབྱུང་འགྱུར་ཞི་བདེ་ཡོང་བའི།།
སྨོན་འདུན་སེམས་ཀྱིས་ཞུའོ།།
འཛམ་གླིང་ཞི་བདེ། ཞི་བདེ་ཡོང་བའི། སྨོན་འདུན་ཞུ་འོ།།
ལས་དང་སྐལ་བས་གནང་ཡོད། མི་ཡུལ་གླུ་གར་ཞིང་རེད།།
བུ་མོའི་ཕུགས་འདུན་གླུ་ཡིན། དེ་རིང་མི་ཡུལ་ཁམས་ལ།།
རེ་བའི་གླུ་ཞིག་ལེན་འགྲོ།།
འཇིག་རྟེན་མི་ཡུལ། མི་ཡུལ་ཁམས་ཀྱི།
འོ། འགྲོ་བ་མི་ལགས།
འཆམ་མཐུན་ལག་རྡང་སྦྲེལ་ནས།།
ལས་འབྲས་མིག་བཞིན་སྲུང་དགོས།།
འཛམ་གླིང་ཡུལ་གྲུ་ཀུན་ལ།།
འབྱུང་འགྱུར་ཞི་བདེ་ཡོང་བའི།།
སྨོན་འདུན་སེམས་ཀྱིས་ཞུའོ།།
འཛམ་གླིང་ཞི་བདེ། ཞི་བདེ་ཡོང་བའི། སྨོན་འདུན་ཞུ་འོ།།
དེ་རིང་ང་ཚོ་འཛོམས་འཛོམས། གཡང་ཁྱིམ་གཅིག་ལ་འཛོམས་ཡོད།།
ཐུགས་ལ་བྱམས་སེམས་མངའ་བའི། ཕ་མ་འཛོམས་པས་དགའ་ཡོད།།
བློ་རིག་མེ་ཏོག་བཞད་པའི། བུ་ཕྲུག་འཛོམས་པས་སྐྱིད་ཡོད།།
ཐུགས་ལ་བྱམས་སེམས་མངའ་བའི། ཕ་མ་འཛོམས་པས་དགའ་ཡོད།།
བློ་རིག་མེ་ཏོག་བཞད་པའི། བུ་ཕྲུག་འཛོམས་པས་སྐྱིད་ཡོད།།
No comments:
Post a Comment