ནོར་བུ་བསམ་གྲུབ།༼ཆར་སིམ།༽ 罗布桑珠(雨滴)
Tibetan singer Norbu Samdup
new MV song " Charsim " 2016
Tibetan singer Norbu Samdup
new MV song " Charsim " 2016
ནོར་བུ་བསམ་གྲུབ།༼ཆར་སིམ།༽
ཆར་སིམ་ ཚིག་མདངས་གཞས་ ནོར་བུ་བསམ་གྲུབ།
ཆར་སིམ་ཁྱེད་ཀྱི་ཞལ་རས་སཉཏེང་དུ་ལྷུང་སོང་། ཡིད་འཕྲོག་ང་གཉིས་བརྩེ་སེམས་ཆུ་ལས་ཟབ། །
དེ་སྔོན་ དྲི་ཞིམ་མེ་ཏོག་ཁྱེད་ཀྱི་ཕྱོགས་སུ་ཕུལ་ནས། ནམ་ཡང་མཉམ་དུ་ཡོང་བའི་དམ་བཅའ་བཞག།
ལས་དབང་ལ་མེད་པའི་བུ་མོ་ད་ལྟ་གང་ན་ཡོད། ངས་ལེན་པའི་གླུ་དེ། ། ད་ཆ་ཁྱེད་ཀྱི་ཐོས་མྱོང་ངམ།
སྔོན་མའི་སྤྲོ་སྣང་རྗེས་དྲན་བྱས་ནས༏ ཆར་སིམ་དཀྱིལ་ནས་བྲལ།
མཆི་མ་ཁྱེད་ཀྱི་ཞལ་རས་སྟེང་དུ་ལྷུང་སོང་། ཨ་ཁ་ ཕན་ཚུན་འཕྲད་ཀྱང་མཇུག་འབྲས་མེད་པའི་ལས༏
ཆར་བསིམ་བབས་པའི་མཚན་མོ་དེར་ང་གཉིས་བྲལ། སེམས་སྡུག་ཆེ་ཡང་ཕན་ཚུན་ཆེད་དུ་བྲལ། །
ཁྱེད་ཀྱི་མཛེས་མའི་ཞལ་རས། མཆི་མས་ཁེངས་པས་ངའི་ཡིད་འདི་འདྲའི་སྐྱོ་བ་ལ། །
ངས་ཆར་སིམ་མཉམ་དུ། དོར་བའི་མཛེས་མའི་རྗེས་དྲན་དེ་ཚོ། །
ལས་ལ་གང་བསྐོས་མ་གཏོགས། སྣང་བ་གང་ཤག་མི་འདུག༏
ཡིད་སེམས་མཚེའུ་ནས་བཅངས་པའི། དྲན་གླུ་ཁྱེད་ཀྱི་ཕྱོགས་ལ་ཕུལ། །
No comments:
Post a Comment