Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

29 Dec 2019

Tsewang Lhamo I saw my Guru 2019

Tsewang Lhamo new MV song '' I saw my Guru '' New Year 2020
གཞས་གསར། བླ་མ་མཇལ་བ། ལེན་མཁན།  ཚེ་དབང་ལྷ་མོ། 2020
新年 新歌 '' 拜见上师 ''  泽旺拉姆



བླ་མ་མཇལ་བ།

ཚིག  སློབ་དཔོན་འགྱུར་མེད།
དབྱངས།  ཚེ་དབང་ལྷ་མོ།
ལེན་མཁན།  ཚེ་དབང་ལྷ་མོ།

ལྷ་རི་འོད་གསལ་སྒང་ནས། བསམ་ཡས་གཡའ་མ་ལུང་ལ། 
བསོད་ནམས་ཅན་གྱིས་མཇལ་ན། འཇའ་ཚོན་སྤྲས་པ་བརྐྱངས་བཞག།
འཇའ་གུར་འོད་ཀྱི་གསེང་ནས། ང་ཡི་བླ་མ་མཇལ་བྱུང་།།
པདྨ་འབྱུང་གནས་གཉིས་པ། ༸གྲུབ་དབང་པདྨ་ནོར་བུ།།

གདན་ས་རྣམ་གྲོལ་གླིང་ནས། ཟངས་མདོག་དཔལ་རིའི་ཞིང་ལ།།
བསོད་ནམས་ཅན་གྱིས་མཇལ་ན། སྤྲིན་དཀར་སྐས་ལམ་བརྐྱངས་བཞག།
སྤྲིན་དཀར་ཕང་ཕུང་གསེང་ནས། ང་ཡི་བླ་མ་མཇལ་བྱུང་།།
ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ། ༸གྲུབ་དབང་པདྨ་ནོར་བུ།།

ལྷོ་ཕྱོགས་རྣམ་གྲོལ་གླིང་ནས། མདོ་ཁམས་དཔལ་ཡུལ་དགོན་ལ།།
བསོད་ནམས་ཅན་གྱིས་མཇལ་ན། འོད་ཀྱི་མཇལ་དར་བརྐྱངས་བཞག།
ཞལ་རས་དུང་ཟླ་འདྲ་བའི། ང་ཡི་བླ་མ་མཇལ་བྱུང་།།
པཎ་ཆེན་བི་མ་མི་ཏྲ། ༸གྲུབ་དབང་པདྨ་ནོར་བུ།།


No comments: