སེམས་གཤིས།
ཚིག ཁོ་བསྟན།
དབྱངས། ཚེ་དབང་ལྷ་མོ།
ལེན་མཁན། ཚེ་དབང་ལྷོ།
འུ་ཅག་གིས་རྨི་ལམ་དང་རེ་བ་ཁྱེར་ནས་གང་ལ་འགྲོ།
རང་རང་སོ་སོའི་ས་ན་དགའ་བཞིན་སྐྱོ་བཞིན་སྐྱིད་བཞིན་སྡུག་བཞིན་ཡོད།
སེམས་པ་སྟོན་པའི་མི་ལ་སྐད་ཆ་རྩུབ་མོ་ནམ་ཡང་མ་བཤད་རོགས།
འཛུམ་གྱིས་བསུ་བའི་གྲོགས་ལ་མིག་སྡང་རྣོན་པོས་ནམ་ཡང་མ་བལྟ་རོགས།
ང་ཚོ་མཉམ་དུ་ཡོད་ཀྱང་ང་ཚོ་འབྲལ་བཞིན་ཡོད།
དགའ་བའི་གྲོགས་དང་ཉེ་བའི་མི་ལ་ང་ཚོ་འབྲལ་བཞིན་ཡོད།
ད་ལྟ་ཉིད་ནས་བརྩེ་བ་ཟབ་མོ་གཤིས་ཀ་དྲང་མོ་བྱེད།
ང་ཡི་སེམས་ན་ཁྱོད་རང་གཅེས་པའི་སྲོག་ཡིན།
ཁྱོད་ཀྱི་སེམས་ན་ང་རང་དཔྲལ་བའི་མིག་ཡིན།
ལག་པ་དང་ལག་པ་སྦྲེལ་ནས་འགྲོ།
སེམས་པ་ལ་སེམས་པ་བསྟན་ནས་འགྲོ།

No comments:
Post a Comment