Search Tibetan singers

Tibetan songs 2018

6 Mar 2018

Tsanlong Kyab 赞龙杰布 - 心心相印 2018

སྣང་བ་ཨ་འགྲིག་མ།
ཚིག  གངས་བུ་དུང་སྐྱེས། དབྱངས  ལུག་བེ་ཀྲི། 
ལེན་མཁན། བཙན་ལུང་སྐྱབས།

-------------------------------
ཚེ་སྔོན་གྱིས་བསགས་པའི་བསྐལ་བའི་ནོར་བུ།།
ལས་དབང་གིས་རྙེད་པའི་བྱུ་རུ་དམར་ཆུང་།
ཚེ་རབས་འདིའི་དྲན་ཤིང་གཞུང་བཟང་བུ་མོ།།
མི་ཚེ་འདིའི་སྐྱིད་ཡ་དགོད་རོགས། ཁྱོད་ཟེར་ན་དམར་པོ་སྲོག་གི་ཆ་ཡིན།
དེ་ལོས་ཡིན་འཇིག་རྟེན་ཕོ་མོའི་སྣང་བ། གཞིས་ཁྱིམ་འདིའི་བདག་མོ་ཁྱེད་ཡིན།

ཁྱོད་ཀྱིས་ང་ཟུར་མིག་ལན་གསུམ་འཕངས་སོང་།
ངས་ཀྱང་ཁྱོད་བརྩེ་འཕྲིན་ཐེངས་མང་བསྐུར་མྱོང་།
སེམས་པ་དང་སེམས་པ་མཉམ་དུ་བསྲེས་ནས།
གཡང་ཁྱིམ་འདི་བརྩེ་བའི་བསྐྱང་ཆོག།
སྙིང་གཏམ་དེ་བཤད་པ་ཚེ་ནོམ་དུ་བསམ་ཆོག།
བརྩེ་འཕྲིན་དེ་བསྐུར་བ་དྲན་ཤིང་དུ་བཞག་ཆོག།
ལས་དབང་གི་བགེགས་དང་བར་ཆད་མེད་ན།
ཁྱོད་རང་ངའི་ཚེ་འདིའི་ནོམ་ཡིན།

གང་ལྟར་འུ་གཉིས་ཀྱི་བརྩེ་བ་བརྟན་ཤོག
ནམ་ཡང་འགྱུར་མེད་ཀྱི་འདང་དེ་རྟག་ཤོག
འུ་གཉིས་ཀྱི་འབྱུང་འགྱུར་འཚོ་བ་དེ་ནི།
དབྱར་མཚོ་བཞིན་པའི་རྒྱས་པའི་སྨོན་ལམ།


Post a Comment