ཁྱེད་ཡིན།
གཞས་ཚིག རླུང་ནག་འཚུབ་མ།
གཞས་དབྱངས ན་ན།
ལེན་མཁན། སངས་རྒྱས་སྒྲོལ་མ།
རེ་བའི་མིག་ཟུང་བསྐྱངས་ས་ཁྱོད་ཡིན།
མིག་ཆུའི་རི་མོ་འབྲི་ས་ཁྱོད་ཡིན།
དུང་བའི་མེ་ཏོག་འཐོར་ས་ཁྱོད་ཡིན།
ང་ལ་མཁོ་བ་ཁྱེད་ཀྱི་སེམས་ཡིན།
གཞས་ཚིག རླུང་ནག་འཚུབ་མ།
གཞས་དབྱངས ན་ན།
ལེན་མཁན། སངས་རྒྱས་སྒྲོལ་མ།
རེ་བའི་མིག་ཟུང་བསྐྱངས་ས་ཁྱོད་ཡིན།
མིག་ཆུའི་རི་མོ་འབྲི་ས་ཁྱོད་ཡིན།
དུང་བའི་མེ་ཏོག་འཐོར་ས་ཁྱོད་ཡིན།
ང་ལ་མཁོ་བ་ཁྱེད་ཀྱི་སེམས་ཡིན།
ཁྱེད་ལ་དུང་བ་འགྱུར་མེད་བྲག་ཡིན།
ང་ལ་མཁོ་བ་བརྩེ་བའི་མེ་ཡིན།
འགྱུར་མེད་དམ་བཅའ་འཇོག་ས་ཁྱོད་ཡིན།
ང་ལ་མཁོ་བ་ཚེ་གཅིག་ཁྱེད་ཡིན།
ང་ལ་མཁོ་བ་བརྩེ་བའི་མེ་ཡིན།
འགྱུར་མེད་དམ་བཅའ་འཇོག་ས་ཁྱོད་ཡིན།
ང་ལ་མཁོ་བ་ཚེ་གཅིག་ཁྱེད་ཡིན།
མི་ལ་དགོས་བ་སྙིང་རྗེའི་འོད་ཡིན།
སེམས་ལ་དགོས་བ་ཕྱི་ཐག་ཁྲེལ་ཡིན།
བརྩེ་བའི་རི་མོར་དགོས་བ་མདངས་ཡིན།
ཁྱེད་དང་ང་ལ་དགོས་བ་མདངས་ཡིན།
No comments:
Post a Comment