Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

11 Sept 2019

谢旦新歌 | 母校校歌 2019

གཞས་གསར།༽མ་ཡུམ་སློབ་གྲྭའི་འཁྲུངས་གླུ། ཤེར་བསྟན། 
谢旦新歌 | 母校校歌 2019
Sherten's new simgle '' Mother School ssong ''




མ་ཡུམ་སློབ་གྲྭའི་འཁྲུངས་གླུ།
ཚིག དཔལ་འབར།
ལེན་མཁན། གླུ་རྒྱལ་ཤེར་བསྟན། 


དགུ་གསུམ་དུས་ཚེས་བཟང་པོའི་ཉིན་མོ་འདི།
ཀུན་ཕན་བརྩེ་སྐྱོང་གླིང་གི་འཁྲུངས་སྐར་ཡིན།
རྟགས་དང་རྟེན་འབྲེལ་སྟོང་གི་རེ་ཁཱ་ལྷན།
རྨ་ཡུལ་དགའ་བའི་གནས་སུ་ལྷུན་གྱིས་ཆགས།

ཆུང་ཆུང་བྱིས་པའི་རྨི་ལམ་འདི་ནས་འཚོལ།
བདེ་སྐྱིད་འཚོ་བའི་མཚོ་མོ་འདི་རུ་འཁྱིལ།
མ་འོངས་འདུན་མའི་རེ་སྙེགས་འདི་ནས་བྱེད།
མ་ཡུམ་སློབ་གླིང་ང་ཚོའི་ཡུམ་ཆེན་ཡིན།


ཀ་ཁ་ག་ངའི་དབྱངས་རྟ་འདི་ནས་གྱེར།
སྣ་ཚོགས་གཞུང་གི་སྒོ་མོ་འདི་ནས་ཕྱེ།
འཛམ་གླིང་རིག་པའི་ཁ་ཕྱོགས་འདི་ནས་འཚོལ།
མ་ཡུམ་སློབ་གླིང་ང་ཚོའི་ཡུམ་ཆེན་ཡིན།

ཕ་སྐད་གཙང་མའི་ཚེ་སྲོག་འདི་ནས་གསོ།
བོད་ཆས་དག་མའི་སྲོལ་བཟང་འདི་ན་ཡོད།
རིས་མེད་བྱམས་དང་སྙིང་རྗེའི་འོད་ཟེར་འཕྲོ།
མ་ཡུམ་སློབ་གླིང་ང་ཚོའི་ཡུམ་ཆེན་ཡིན།


དགེ་རྒན་དམ་པའི་སློབ་སྟོན་རྣ་ལ་སྙན།
མཐུན་འགྲིག་སློབ་གྲོགས་ཕ་མའི་སྤུན་མཆེད་འདྲ།
ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ཡིན།
མ་ཡུམ་སློབ་གླིང་ང་ཚོའི་ཡུམ་ཆེན་ཡིན།

གཅེས་པའི་མ་ཡུམ་སློབ་གླིང་སྐྱེས་སྐར་བཟང་།
ཁྱེད་ཀྱི་མཛད་འཕྲིན་ནམ་མཁར་མཉམ་གྱུར་ཅིག།
དགའ་བའི་མ་ཡུམ་སློབ་གླིང་སྐྱེས་སྐར་བཟང་།
ཁྱེད་ཀྱི་སྐུ་ཚེ་ཁྲི་ལོ་ཁྲི་ལོར་ཤོག།

No comments: