དགའ་དགའ།
འོ་དགའ་དགའ།
ད་ཁྱོད་དགའ་ཤོག། ད་ཁྱོད་སྐྱིད་ཤོག། ད་ཁྱོད་སྤྲོ་ཤོག་ཨ།
ད་ཁྱོད་དགའ་ཤོག་ཁྱོད་སྐྱིད་ཤོག་ཨ།
ད་ནས་བཟུང་སྟེ་ཁྱོད་རང་ཁྱོད་རང་དགའ་བའི་ལམ་ལ་སོང་ཨེ་ཧོ་་་་་་་
ད་ནས་བཟུང་སྟེ་ཁྱོད་རང་ཁྱོད་རང་དགའ་བའི་མཉམ་དུ་སོང་ཨེ་ཧོ་དགའ་དགའ།
ཨེ་དགའ་དགའ།
དེ་ཚོ་ལ་བརྩེ་དུང་མེད་པ་མ་རེད་ཟེར། ལས་ལ་བཀོད་པ་མི་གདའ་ར།
འོ་དགའ་དགའ། དགོངས་པ་མ་འཚམས་་་༏
འོ་དགའ་དགའ་དགའ། ད་དེ་འདྲ་རེད་ལ་་༏ ད་དེ་འདྲ་རེད་ཡ་་་

འོ་དགའ་དགའ། ད་ཁྱོད་དགའ་ཤོག། ད་ཁྱོད་སྐྱིད་ཤོག།
ད་ཁྱོད་སྤྲོ་ཤོག་ཨ། ད་ཁྱོད་དགའ་ཤོག་ཁྱོད་སྐྱིད་ཤོག་ཨ།
ད་ནས་བཟུང་སྟེ་ང་རང་ང་རང་དགའ་བའི་ལམ་ལ་འགྲོ་དགོས་ཧོ་་་་
ད་ནས་བཟུང་སྟེ་ང་རང་རང་ལ་དབང་པའི་མཉམ་དུ་འགྲོ་དགོས་ཧོ་་་དགའ་དགའ།

ངེད་གཉིས་ཡོང་ས་གཅིག་པ་ཡིན་ན་ཡང་།
འགྲོ་སའི་ལམ་ཁ་དེ་ཁ་ཁ་རེད།
གལ་སྲིད་མཐོང་ཡ་དང་ཐོས་ཡ་ཙམ་མ་བྱུང་ན་ཕན་ཚུན་ལ་སྨོན་ལམ་ཞིག་རྒྱག་རོགས་ཡ་དགའ་དགའ།
གལ་ཏེ་ང་ཡིས་ཁྱོད་ལ་བཅངས་པའི་བརྩེ་སེམས་དེ་ལ་དོགས་པ་ཐེ་ཚོམ་ཤར་སོང་ན།
དུས་ནམ་ཡང་ཁྱོད་ལ་དགོངས་དག་ཞུ་བ་དང་།
ང་རང་ལ་བརྗེད་ཐབ་ལ་མེད་པའི་ལོ་ཟླ་དེ་ནི།
ཁྱོད་རང་དང་མཉམ་དུ། སྐྱིད་སྡུག་མྱུང་མྱུང་པའི་དུས་རེད་ལ།
དགའ་བ་རེ། སྐྱོ་བ་རེ། འཛུམ་མདངས་རེ། མིག་ཆུ་རེ། ཚུགས་ཀ་རེ། རྣམ་འགྱུར་རེ།
དྲི་མ་རེ། ཡོད་ཚད་དེ་སེམས་ལ་ཉར་དགོས། འོ་དགའ་དགའ།

No comments:
Post a Comment