Tibetan Music World 藏族音乐世界 བོད་ཀྱི་རོལ་དབྱངས་གླིང་།

Search Tibetan singers

18 Apr 2016

藏族歌手才毛措 Tselha Tso new song 2016

藏族青年歌手才毛措新歌《雪域的儿女》首发
Tibetan young singer Tselha Tso new song "Snowland children" 2016

 


གངས་ཅན་བོད་པའི་བུ་མོ།
གཞས་ཚིག། ལྡོང་རུ་རྨུ་ཐག
གཞས་གདངས། ཡེ་སངས་ཚེ་བརྟན།
གཞས་མ། ཚེ་མོ་མཚོ།
 
གངས་ཅན་བོད་པའི་བུ་མོ།། ཕྱི་ཚུལ་མིག་ལ་མཛེས་ཤིང༏
ནང་སེམས་དུང་ལས་དཀར་བས།། གཤིས་བཟང་བུ་མོའི་རྒྱུད་ཡིན།།

 
གངས་ཅན་བོད་པའི་བུ་མོ།། བརྩེ་བ་བྲག་ལས་བརྟན་ཞིང༏།
དུང་བ་མཚོ་ལས་ཟབ་པས།། རྗེ་བཙུན་སྒྲོལ་མའི་རྒྱུད་ཡིན།།
 
གངས་ཅན་བོད་པའི་བུ་མོ།། བློ་ཁོག་ལྷ་ལས་ཡངས་ཤིང༏།
རྒན་བཀུར་གཞོན་བྱམས་ཆེ་བས།། ལྷག་བསམ་ཅན་གྱི་རྒྱུད་ཡིན།།
 
གངས་ཅན་བོད་པའི་བུ་མོ།། མ་ནིའི་དབྱངས་རྟ་སྒྲོག་སའི།།
ཆོས་ལྡན་ཞིང་ན་ཡོད་པས།། བསོད་ནམས་ཅན་གྱི་རྒྱུད་ཡིན།།

No comments: